མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ངེས་པར་དུ་སྨན་དོན་མི་སྣར་སྲུང་སྐྱོང་དང་། སེམས་ཁུར། གཅེས་སྐྱོང་བཅས་
བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་སྨན་དོན་མི་སྣ་རྒྱུན་མཐུད་དང་བདེ་ཐང་ངང་རིམས་ནད་ལས་རྣམ་པར་
རྒྱལ་བའི་འཐབ་རྩོད་ནང་ཞུགས་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་ཐད་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་ནས་སྨན་དོན་མི་སྣ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་རྐང་འཛིན་སྟོབས་ཤུགས་ཡིན་པས་ངེས་པར་དུ་ཁོང་ཚོར་སྲུང་སྐྱོང་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་འགན་ལེན་མཁོ་འདོན་བྱས་ནས་ཁོང་ཚོའི་འཐབ་ནུས་ཆེན་པོ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། སེམས་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་ཡོང་བ་བྱས་ཏེ་བདེ་ཐང་ངང་རིམས་ནད་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ནང་ཞུགས་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་བཀོད་འདོམས་བཀོད་གཏོང་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་བྱེད་པ་དང་། སྨན་དོན་མི་སྣའི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་། འཚོ་བའི་འགན་ལེན། དགོས་ངེས་ངལ་གསོ། བསམ་པའི་སྐུལ་ལྕག་བཅས་ངེས་པར་དུ་དུས་ཐོག་ཏུ་དོན་འཁྱོལ་ཡོང་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཧུའུ་པེའི(ཝུའུ་ཧན)སྨན་བཅོས་དཔུང་ཁག་གིས་བདེ་འཇགས་དང་གོ་རིམ་ལྡན་པ་དང་། གཅིག་གྱུར་མཐུན་སྦྱོར། སྟོབས་ལྡན་ནུས་ལྡན། དུས་ཐོག་དང་མགྱོགས་མྱུར་བཅས་ཀྱི་སྒོ་ནས་ལས་དོན་སྤེལ་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། རྒྱ་ཆེའི་སྨན་དོན་མི་སྣས་ཉིན་མཚན་བསྟུད་མར་འབད་འཐབ་བྱས་ཤིང་། སྨན་དོན་མི་སྣ་འགའ་ཞིག་ལ་སྟབས་མ་ལེགས་པར་ནད་དུག་འགོས་པ་དང་། འགའ་ཞིག་གིས་ཐ་ན་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་ཕུལ་བས། སྨན་པའི་བྱམས་སེམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་ཡོད། ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་། གསུང་བཤད་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཐེངས་མང་གནང་ནས་རྒྱལ་ཡོངས་དང་ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་ཏང་ཀྲུང་དབྱང་གི་ཐུགས་ཁུར་མཚོན་པར་གནང་བ་རེད། ཁོང་གིས་པེ་ཅིང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་རྒྱ་ཆེའི་སྨན་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོའི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱ་རྒྱུའི་ཐད་བཀོད་སྒྲིག་དང་བླང་བྱ་བཏོན་གནང་བ་རེད།
     ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་29དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དམག་དཔུང་ཁོངས་གཏོགས་བཅས་ཀྱིས་སྨན་དོན་མི་སྣ་ཁྲི་3ལྷག་ཙམ་ཧུའུ་པེ(ཝུའུ་ཧན)རུ་རོགས་སྐྱོར་བྱེད་པར་མངགས་ཡོད་པ་རེད།

  
style="display:none;"