མི་དམངས་དྲ་བ།

༄༅༎དབང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོ་ལྟ་སྐུལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག རིམས་ནད་སྔོན་འགོག་
ཚོད་འཛིན་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་ལྷོད་གཡེང་གཏོང་མི་རུང་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཚེས་18ཉིན་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོ་ལྟ་སྐུལ་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་ལྷོད་གཡེང་མི་གཏོང་བ་མཐའ་འཁྱོངས་བྱེད་པ། གྲོང་གསེབ་དབུལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཡོངས་དམག་འཐབ་ཡག་པོ་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ལ་དམིགས་ནས་དམངས་གཙོ་ལྟ་སྐུལ་བྱེད་པ་དང་། རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་རང་བཞིན་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་འགན་བརྡ་ཁྱབ་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་བཅས་ཀྱིས་2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོ་ལྟ་སྐུལ་ལས་དོན་གྱི་གནས་ཚུལ་དང་2020ལོའི་ལས་དོན་གྱི་འཆར་གཞི་ངོ་སྤྲོད་གནང་བ་རེད།
     དབང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོ་ལྟ་སྐུལ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། དམངས་གཙོ་ལྟ་སྐུལ་གྱི་ལེགས་ཆ་འདོན་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན། དམངས་གཙོའི་ཏང་ཤོག་ཁག་དང་འབྲེལ་ཡོད་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དམངས་གཙོ་ལྟ་སྐུལ་གྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱས་ནས། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་པ། ཕན་ཚུན་ལྟ་སྐུལ་བྱས་ནས་དོན་ཆེན་འགྲུབ་པ་བཅས་ཀྱི་ལེགས་ཆ་མངོན་པར་བྱས་ཡོད།
     དབང་དབྱང་གིས་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་འགྲན་སློང་བཟོས་ཡོད། དམངས་གཙོ་ལྟ་སྐུལ་ལས་དོན་ཐད་རྒྱབ་སྐྱོར་བྱ་རྒྱུ་དེ་ལྟ་སྐུལ་ནང་ཚུད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཐོག་མར་རིམས་ནད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་བྱེད་པའི་ཞིབ་ཕྲའི་ཤུགས་རྐྱེན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་ས་གནས་ཀྱིས་མ་དངུལ་དང་སྲིད་ཇུས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཆེ་བའི་ཁྱབ་ཁོངས་དང་མི་འབོར་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས་རིམས་ནད་ཀྱི་རྐྱེན་པས་དབུལ་པོར་འགྱུར་བ་དང་རིམས་ནད་ཀྱི་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་དགོས། རིམས་ནད་ནི་ད་ལོ་དབུལ་སྒྲོལ་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཡིན་པ་དང་། གནད་སྨིན་ཇུས་འདོན་ནི་སྤུས་ཚད་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ས་གནས་ཀྱིས་ལས་དོན་གྱི་གནད་སྨིན་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་རྫོང་དང་གྲོང་ཚོ་དང་ཁྱིམ་ཚང་རེ་རེ་བཞིན་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་བའི་ཞིབ་ཕྲའི་བྱ་ཐབས་བཏོན་ནས་དམིགས་ས་ཡོད་པའི་སྒོ་ནས་མང་ཚོགས་དབུལ་པོ་ཕྱིར་ལས་མི་བྱེད་པར་སྐྱོད་པ་དང་། ཞིང་འབྲོག་ཐོན་རྫས་ཕུང་གསོག་ཐེབས་པ། དབུལ་སྐྱོར་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱེད་པ་སོགས་ཀྱི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་དམིགས་ནས་ལྟ་སྐུལ་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དེ་བས་ལེགས་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་གཙོའི་ལྟ་སྐུལ་གྱི་བརྒྱུད་རིམ་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་དེ་སེམས་པ་དང་བརྩེ་བར་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། དམངས་གཙོའི་ཏང་ཤོག་ཁག་གིས་ཤེས་ལྡན་མི་སྣ་མང་བ་དང་རིག་སྟོབས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་ལ་སྤུས་ཚད་མཐོ་བའི་སྲིད་ཇུས་ཀྱི་གྲོས་འགོ་འདོན་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོ་ལྟ་སྐུལ་ལག་ལེན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་ཕྱོགས་སྡོམ་བྱེད་པ་དང་། ཆེད་དོན་ལྟ་སྐུལ་ལས་དོན་གྱི་ལམ་ལུགས་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས། དམངས་གཙོ་ལྟ་སྐུལ་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"