མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལེ་ཨེན་དང་ཞལ་པར་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའིའཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟླ་12ཚེས་1ཉིན་གྱི་དགོང་མོར་ཁ་ཆད་ལྟར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོས་པའི་ཀྲུའུ་ཞི་ཧྥེང་ཏི་ལེ་ཨེན་དང་ཞལ་པར་བསྐྱོན་པ་རེད། 
     ལི་ཁི་ཆང་གིས་ཧྥེང་ཏེ་ལེ་ཨེན་གྱིས་འགན་གསར་བཞེས་པར་རྟེན་འབྲེལ་ཞུས་པ་དང་། མིག་སྔར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ལེགས་པོ་བྱས། ལི་ཁི་ཆང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཕན་ཚུན་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན་ལ། ཚང་མས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་ཀྱིས་རྒྱ་ཁྱབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་དམིགས་ནས། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གཉིས་ལ་ཕན་ཐོགས་ཡོད་ལ། འཛམ་གླིང་ལའང་ཕན་ཐོགས་ཡོད་ཅེས་གསུངས། 
     ལི་ཁེ་ཆང་གིས་ཀྲུང་གོ་ནི་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས། དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་རིང་མོ་ཞིག་འགྲོ་དགོས། ང་ཚོས《ཕ་རི་སིའི་གྲོས་ཆོད》ཀྱི་ཁས་ལེན་ལག་བསྟར་ཧུར་ཐག་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བྱས་ཏེ་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཡོ་རོབ་མནའ་འབྲེལ་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུ་ཡིན་ཞེས་གསུངས། 
     ལི་ཁེ་ཆང་གིས་ཡོ་རོབ་མནའ་འབྲེལ་སྒྲིག་གཞིའི་སྐབས་གསར་པའི་འགོ་ཁྲིད་སང་ལོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ཐུག་འཕྲད་ཐེངས་22པ་འཚོག་པར་ཡོང་བར་དགའ་བསུ་ཞུས་པ་རེད། 
     ཧྥེང་ཏེ་ལེ་ཨེན་གྱིས་ངས་འགན་བཞེས་པའི་ཉིན་དེར་སྐུ་ཞབས་ཙུང་ལི་དང་ཞལ་པར་བཏང་ནས་ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་བསྟན་ཡོད། སང་ལོ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཚོན་ན་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་ཞིག་ཡིན་ལ། ཕྱོགས་གཉིས་པོར་མཐོ་རིམ་འགྲོ་འོང་གལ་ཆེན་རབ་དང་རིམ་པ་ཡོད་སྲིད། ངས་སང་ལོར་ཀྲུང་གོ་ནས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་ཐུག་འཕྲད་ཐེངས་22པ་འཚོག་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་དང་མ་འཇོག་གྲོས་ཆོད་གྲོས་མོལ་སོགས་ཀྱི་གནད་དོན་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ཡོད། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་ལས་དོན་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩི་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་སོགས་ཀྱི་གནད་དོན་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
     ཝང་དབྱི་དང་ཧོ་ལི་ཧྥེང་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད། 

  
style="display:none;"