མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”
དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་30ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་གློག་འཕྲིན་ནང་། ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན། ཕྱོགས་ཡོངས་ནས་དྲང་གཞག་ངང་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོ་ཞི་བདེ་མཉམ་གནས་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་། “ས་ཆ་སྤྲད་ནས་ཞི་བདེ་ཡོང་ཐབས་བྱེད་པའི”རྩ་དོན། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”བཅས་ཀྱི་ཁ་ཕྱོགས་ཆེ་མོ་མཐའ་འཁྱོངས་བྱས་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་ཞི་བའི་གྲོས་མོལ་སླར་གསོ་ཡོང་རྒྱུར་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་ཟོལ་མེད་ཀྱི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་གྲོགས་བཟང་པོ་བཅས་ཡིན་ལ་ཕ་ལེ་སི་ཐན་དང་དབྱི་སི་རལ་ཞི་བདེ་ཡོང་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། 1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ཡོད་པ་མ་ཟད་རང་བཙན་ཡིན་པའི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བཏང་ནས་འཛམ་གླིང་དབུས་ཤར་ས་ཁུལ་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་ཞི་བདེ་ཡོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"