མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་
བཅུ་གཅིག་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ● ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་བརྒྱུད་རིམ་ལྡན་པའི་ངང་གཅིག་འདུས་བྱས་པ་མ་ཟད། ད་དུང་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དེ་བས་ཁ་གསལ་གྱི་རྩེ་རིམ་ཇུས་འགོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་གི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ། མུ་མཐུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལེགས་གྲུབ་བྱུང་མིན་ལ་གྲལ་བཤེར་གསེད་བཀྲོལ་བྱེད་པ་དང་འབྲེལ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་སྒྲིག་བྱས་པའི་བྱ་ཐབས་གལ་ཆེན་དུས་ཐོག་ཏུ་ཉིན་རེའི་ལས་ཀའི་གྲོས་རིམ་ནང་འཇུག་པ་དང་། ཏང་ཀྲུང་དབྱང་གིས་གསལ་སྟོན་བྱས་པའི་རྒྱལ་ཁབ་བཅོས་སྐྱོང་གི་འཕྲལ་མཁོའི་ལམ་ལུགས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་སྐོང་བའི་ཐད་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བཀོད་སྒྲིག་བྱེད་པ། སྒྱུར་བཅོས་ཀྱི་བྱ་ཐབས་སྦྲེལ་མཐུད་ནུས་ལྡན་དང་མཐའ་གསལ་མཐིལ་རྟོགས་ཡོང་བ་བཅས་བྱས་ནས་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལོ་རྒྱུས་ཀྱི་གཏན་ཚིགས་གཅིག་རྒྱུན་གཅིག་འཛིན་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ཕན་ཚུན་འདེགས་སྐྱོར། ལག་ལེན་གྱི་གཏན་ཚིགས་གཅིག་ལ་གཅིག་འབྲེལ་བཅས་ཡིན་པ་དང་། དམིགས་ཚད་ཀྱི་ཁ་ཕྱོགས་འགོ་ནས་མཇུག་བར་ཁྱབ་པ། བཀོད་སྒྲིག་གལ་ཆེན་རྒྱུན་མཐུད་རིམ་འཕེལ་བཅས་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་བརྒྱུད་རིམ་ལྡན་པའི་ངང་གཅིག་འདུས་བྱས་པ་མ་ཟད། ད་དུང་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དེ་བས་ཁ་གསལ་གྱི་རྩེ་རིམ་ཇུས་འགོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་གི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ། མུ་མཐུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལེགས་གྲུབ་བྱུང་མིན་ལ་གྲལ་བཤེར་གསེད་བཀྲོལ་བྱེད་པ་དང་འབྲེལ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་སྒྲིག་བྱས་པའི་བྱ་ཐབས་གལ་ཆེན་དུས་ཐོག་ཏུ་ཉིན་རེའི་ལས་ཀའི་གྲོས་རིམ་ནང་འཇུག་པ་དང་། ཏང་ཀྲུང་དབྱང་གིས་གསལ་སྟོན་བྱས་པའི་རྒྱལ་ཁབ་བཅོས་སྐྱོང་གི་འཕྲལ་མཁོའི་ལམ་ལུགས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་སྐོང་བའི་ཐད་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བཀོད་སྒྲིག་བྱེད་པ། སྒྱུར་བཅོས་ཀྱི་བྱ་ཐབས་སྦྲེལ་མཐུད་ནུས་ལྡན་དང་མཐའ་གསལ་མཐིལ་རྟོགས་ཡོང་བ་བཅས་བྱས་ནས་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག《དེ་བས་འཐུས་སྒོ་ཚང་བའི་གཞི་རྒྱུ་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་གི་སྒྲིག་སྲོལ་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《རང་རྒྱལ་གྱི་སྨན་བཅོས་འགན་ལེན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《དུས་རབས་གསར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》 《དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《དུས་རབས་གསར་པའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཞིང་ལས་ཚན་རྩལ་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི〈གཏན་འབེབས〉བྱ་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་བགོས་ཇུས་གཞི》《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་དཔྱད་དཔོག་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། དེ་བས་འཐུས་སྒོ་ཚང་བའི་གཞི་རྒྱུ་གཙོ་བོའི་ཁྲོམ་ར་ཅན་བཀོད་སྒྲིག་གི་སྒྲིག་སྲོལ་ལམ་སྲོལ་འཛུགས་པར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞི་རྒྱུ་གཙོ་བོ་རང་མོས་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ། གཞི་རྒྱུ་གཙོ་བོའི་ཁྲོམ་ར་ཅན་བཀོད་སྒྲིག་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། གཞི་རྒྱུ་གཙོ་བོའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྒྱུ་གཙོ་བོའི་ཁྲོམ་རའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རྒྱུ་གཙོ་བོའི་རིན་གོང་ཁྲོམ་ར་གཏན་འཁེལ་དང་། འཁོར་རྒྱུག་རང་བརྟེན་དང་གོ་རིམ་ལྡན་པ། བཀོད་སྒྲིག་ནུས་ཆེ་གཞུང་དྲང་བཅས་ཡོང་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ཆེད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཞིང་ལས་ལ་རྒྱབ་སྐྱོར་སྲུང་སྐྱོང་བྱེད་པའི་འཐུས་སྒོ་ཚང་བའི་མ་ལག་བསྐྲུན་པར། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྤྱིའི་དམ་འཛིན་བྱེད་གཞིར་བྱེད་པ་
དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས། ཞིང་ལས་ལ་མ་འཇོག་འགན་ལེན། ཞིང་ལས་ཀྱི་ཁ་གསབ་དང་གུན་གསབ། ཞིང་སྐྱོར་མ་དངུལ་བེད་སྤྱོད་དོ་དམ་སོགས་ཀྱི་ཐད་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་བབ་དང་མཐུན་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཁ་ཕྱོགས་གསལ་བ། གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ལེ་ལག་ཚང་བ། བཀོལ་སྤྱོད་སྟབས་བདེ་བཅས་ཀྱི་ཞིང་ལས་ལ་རྒྱབ་སྐྱོར་སྲུང་སྐྱོང་གི་ལམ་ལུགས་རིམ་བཞིན་བཙུགས་ནས་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་། བརྟན་པོའི་རང་བཞིན། ཕན་འབྲས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་འགན་ལེན་ལམ་ལུགས་ནི་དམངས་འཚོ་འགན་སྲུང་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གཞི་རྩ་འགན་སྲུང་དང་། དྲང་གཞག་ལ་སྐུལ་འདེད། རྒྱུན་མཐུད་བརྟན་པོ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དྲང་གཞག་ཚད་མཐུན་གྱི་ཐོབ་ཐང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བརྟན་ལ་རྒྱུན་མཐུད་ཆོག་པའི་མ་དངུལ་གྲབས་གསོག་འཁོར་རྒྱུག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་གོ་ཆོད་ལ་ནུས་ཆེའི་སྨན་བཅོས་འགན་བཅོལ་དངུལ་གཏོང་སྤྲོད་ཀྱི་ལམ་སྲོལ་འཛུགས་པ། ནན་ལ་ནུས་ལྡན་གྱི་ཐེབས་རྩའི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསོ་རིག་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་མཉམ་རུབ་སྐུལ་འདེད་གཏོང་བ། སྨན་བཅོས་འགན་ལེན་གྱི་སྤྱི་པའི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ་དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། འགན་དབང་ཁ་གསལ། འགན་སྲུང་འོས་འཚམ། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་གང་མགྱོགས་འཛུགས་དགོས། ཚོགས་འདུའི་ཐོག་ནན་བཤད་གནང་དོན། ངལ་རྩོལ་སློབ་གསོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། ངལ་རྩོལ་སློབ་གསོ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོའི་དུས་མཚམས་ཁག་ཏུ་ཁྱབ་པར་བྱེད་པ། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ། མི་སྣ་གསོ་སྐྱོང་གི་སྟོན་ཕྱོགས་སྟངས་འཛིན་བྱེད་པ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོའི་ཕན་འབྲས་ལ་མཐོང་ཆེན་བྱེད་པ། བསམ་སྤྱོད་གཅིག་མཐུན་བཅས་བྱས་ཏེ་སློབ་མར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཚན་རྩལ་ཞབས་ཞུའི་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་ཤུགས་རྒྱག་གཞིར་བྱེད་པ་དང་། ཞིང་ལས་ཚན་རྩལ་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དམིགས་ཚད་ལ་བརྩིས་ནས་ཞིང་ལས་ཚན་རྩལ་ཁྱབ་གདལ་སྒྲིག་གཞིའི་ཞབས་ཞུ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཡི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒོ་དབྱེ་འགྲན་རྩོད་དང་། སྣ་མང་ཁ་གསབ། མཉམ་སྒྲུབ་ནུས་ཆེ་བཅས་ཀྱི་ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གང་མགྱོགས་བསྐྲུན་དགོས་ཞེས་བསྟན་པ་རེད།

  
style="display:none;"