མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་
འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་27ཉིན་གྱི་སྔ་དྲོར་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་11ཚེས་27ཉིན་གྱི་སྔ་དྲོར་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ● དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་མཆོག་ནི་འཇོན་ཐང་ཆེ་བའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དམག་དོན་སློབ་གླིང་དང་སློབ་ཆེན་སྒྱུར་བཅོས་གསར་གཏོད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།
     ● དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ནི་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་དར་རྒྱས་གཏོང་རྒྱུར་ཞབས་འདེགས་ཞུ་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ། དམག་དོན་ཆེད་དུ་མི་སྣ་གསོ་སྐྱོང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་པ་གསར་པ་གསོ་སྐྱོང་བཅས་བྱ་རྒྱུ་དེ་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོར་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་འགོ་ཚུགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་དང་དམག་དོན་སློབ་གསོའི་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད། ཁོང་གིས། དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་མཆོག་ནི་འཇོན་ཐང་ཆེ་བའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དམག་དོན་སློབ་གླིང་དང་སློབ་ཆེན་སྒྱུར་བཅོས་གསར་གཏོད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་པ་གསར་པ་སྐྱེད་སྲིང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་རྒྱལ་སྲུང་སློབ་ཆེན་དུ་ཕེབས་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གཅིག་སྡུད་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། དམག་དོན་སློབ་གསོ་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤྱི་ཡོངས་ལ་དོ་དམ་ཐུབ་པའི་མཛད་ཕྱོགས་ཤིག་བཟོས་ནས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱེད་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ནི་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་དར་རྒྱས་གཏོང་རྒྱུར་ཞབས་འདེགས་ཞུ་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་། དམག་དོན་ཆེད་དུ་མི་སྣ་གསོ་སྐྱོང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་པ་གསར་པ་གསོ་སྐྱོང་བཅས་བྱ་རྒྱུ་དེ་རེད། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ནི་དམག་དོན་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་བརྩི་སྲུང་ཞུ་ས་ཡིན་པས། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་རེའི་དམག་གི་སློབ་གླིང་དང་སློབ་ཆེན་སྒྱུར་བཅོས་དང་གསར་གཏོད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སློབ་གླིང་དང་སློབ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མགྱོགས་མྱུར་ཕྱོགས་སྒྱུར་རིམ་སྤོར་བྱེད་དགོས། དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་གསོ་དང་ཤེས་ལྡན་པ་གསོ་སྐྱོང་མ་ལག་ཁྲོད་སློབ་གཉེར་ངེས་གནས་ལ་ཞིབ་ལྟ་བྱེད་པ་དང་། སློབ་གླིང་དང་སློན་ཆེན་འཛུགས་སྐྲུན་གྱི་རྩེ་རིམ་ཇུས་འགོད་དང་ཕུགས་ཀྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་འགན་ནུས་གསལ་པོ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་སློབ་གཉེར་དང་མི་སྣ་གསོ་སྐྱོང་གི་རྣམ་པ་ཆགས་པར་བྱེད་དགོས་པ་དང་། རིག་ཚན་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་བླང་བྱར་དམིགས་ནས། འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་ཚན་དང་སློབ་གཞི་གཙོ་གནད་དུ་བྱས་པའི་སློབ་ཁྲིད་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་གླིང་དང་སློབ་ཆེན་གྱི་ཚན་ཞིབ་དང་སློབ་ཁྲིད་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་བཙུགས་ཏེ་རྒྱ་ཆེའི་སློབ་སྟོན་པར་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། རིག་གཞུང་གིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ཀུན་སྤྱོད་ལ་བརྟེན་ནས་གཤིས་སྦྱོང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་གཉེར་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་པ། སྣེ་ཁྲིད་ཐུབ་པ་དང་ཕུལ་དུ་བྱུང་བའི་ཤེས་ལྡན་པ་དང་། གཞོན་ནུ་དང་དར་མའི་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དེང་དུས་ཀྱི་དམག་འཐབ་ཁོང་དུ་ཆུད་པའི་གྲགས་ཅན་དགེ་རྒན་ཁག་གཅིག་གསོ་སྐྱོང་བྱེད་པ། མཐོ་རིམ་དང་འབྲིང་རིམ་གྱི་ཕུལ་བྱུང་བཀོད་འཐབ་པས་སློབ་གླིང་དང་སློབ་ཆེན་དུ་སློབ་ཚན་ཁྲིད་པའི་ཐབས་ལམ་སྤྱོད་པ། ཕྱི་ཕྱོགས་ཀྱི་སྤུས་ལེགས་སློབ་གསོའི་སྟོབས་ཤུགས་དང་ཐོན་ཁུངས་འདང་ངེས་དང་ཡག་པོ་སྤྱོད་པ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱིས་ཆབ་སྲིད་ལ་སྣང་ཆེན་དང་། སློབ་གསོར་མཁས་པ། དམག་འཐབ་ལ་བརྩོན་ཞིབ། དོ་དམ་ལ་མཁས་པ། རང་གཅུན་ནན་པོ་བཅས་བྱས་ཏེ་སློབ་གཉེར་སློབ་སྐྱོང་གི་འཇོན་ཐང་ཅན་ཞིག་བྱེད་དགོས་པ་དང་། ལས་གནས་ཀྱི་བླང་བྱ་དང་འཚམ་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་ནུས་པ་ལྡན་དགོས་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ཐད་ནས་སློབ་གྲྭ་འཛུགས་པ་དང་སློབ་གྲྭ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། དམག་དོན་སློབ་གསོའི་ལས་དོན་ལ་དགའ་ཞེན་བྱས་ཏེ་སློབ་གསོའི་འདུ་ཤེས་གསར་བརྗེས་དང་། སློབ་གསོའི་ཆོས་ཉིད་ཁོང་དུ་ཆུད་པ། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། དམག་དོན་སློབ་གསོ་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། སྣེ་ཁྲིད་དེ་དམག་དོན་ལ་ཞིབ་འཇུག་དང་། དམག་འཁྲུག་ལ་ཞིབ་འཇུག དམག་རྒྱག་ལ་ཞིབ་འཇུག་བཅས་བྱས་ཏེ་སློབ་གླིང་དང་སློབ་ཆེན་དུ་དམག་འཐབ་ལ་ཞིབ་འཇུག་དང་། དམག་འཐབ་སློབ་པ། དམག་འཐབ་སྦྱོང་བ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་དམག་དོན་ཆེད་དུ་མི་སྣ་སྐྱོང་རྒྱུ་དོན་འཁྱོལ་ཐུབ་པ་བྱེད་དགོས་པ། སློབ་ཁྲིད་ནན་པོ་དང་། སློབ་གཉེར་ནན་པོ། ཞིབ་འཇུག་ནན་པོ། རྒྱུགས་ལེན་ནན་པོ་བཅས་བྱས་ཏེ་སློབ་ཁྲིད་དང་ཚན་ཞིབ་ཀྱི་དངོས་ཡོད་དཀའ་ངལ་སྤྲོ་སེམས་ཆེན་པོས་ཐག་གཅོད་བྱེད་པ་དང་། སློབ་གླིང་དང་སློབ་ཆེན་གྱི་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ་མཐུན་སྒྲིལ་དང་། ཛ་དྲག་པ། གཟབ་ནན། འཁྲུག་པོ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།
     མཇུག་ཏུ་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱིས་སློབ་གླིང་དང་སློབ་ཆེན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། སློབ་གླིང་དང་སློབ་ཆེན་འཛུགས་སྐྱོང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་མཛུབ་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་རང་དམག་གི་སློབ་གླིང་དང་སློབ་ཆེན་གྱི་སློབ་གསོ་དང་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ཐུན་མོང་ཐོག་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞུས་ཆི་ལེང་གིས་འཛིན་གྲྭ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     འཛིན་གྲྭ་ཚུགས་པའི་མཛད་སྒོ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་དུ་ཡན་ལག་ཚོགས་ར་བཙུགས་ཤིང་། དམག་འཐབ་ཁུལ་ཁག་དང་། དམག་རིགས་ཁག དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག དམག་དོན་ཚན་རིག་ཞིབ་འཇུག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགོ་ཁྲིད་གཙོ་བོ་འཛིན་གྲྭ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

ཟླ་11ཚེས་27ཉིན་གྱི་སྔ་དྲོར་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཅིག་སྡུད་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ལ་མཇལ་འཕྲད་གནང་བཞིན་པ།
ཟླ་11ཚེས་27ཉིན་གྱི་སྔ་དྲོར་དམག་ཡོངས་ཀྱི་སློབ་གླིང་དང་སློབ་ཆེན་གྱི་སློབ་སྤྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཅིག་སྡུད་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ལ་མཇལ་འཕྲད་གནང་བཞིན་པ།

  
style="display:none;"