མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་ཞིབ་འཇུག་བཀོད་སྒྲིག་གི་ཆེད་དོན་
ཚོགས་འདུ་གཙོ་སྐྱོང་གནང་བ། ཧན་ཀྲེང་ཚོགས་འདུར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་བའི་ཞིབ་འཇུག་བཀོད་སྒྲིག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་ཡོད།

ཟླ་11ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་བའི་ཞིབ་འཇུག་བཀོད་སྒྲིག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་ཡོད།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་བའི་ཞིབ་འཇུག་བཀོད་སྒྲིག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་ཡོད།
     ལི་ཁེ་ཆང་གིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཕྱིའི་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་རུ་འགྲོ་བཟོ་ཡོད་ལ། གཏན་འཁེལ་མེད་པ་དང་འགྲན་སློང་ཡང་མང་དུ་འགྲོ་རྒྱུ་དང་འབྲེལ་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་བཟང་སྒྲིག འཕར་བའི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་བཞིན་ཡོད་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདུན་དེ་བས་མང་པོ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྡར་ཤ་གཅོད་ཚད་གནད་ལ་འཁེལ་བ་དང་། དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་གསལ་པོ་བྱེད་པ། རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་དང་འཕེལ་རྒྱས་དུས་མཚམས་ལ་གཞི་ཚུགས་པ། ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་མཐའ་འཁྱོངས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་བར་མཐོངས་ཁྲོད་རྒྱུན་འཁྱོངས་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མངོན་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པར་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུ་མངོན་པར་བྱེད་པ། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལ་བསྟུན་པ། ཕུགས་ལ་དམིགས་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་དམིགས་ཚད་དང་། ལས་དོན་གྱི་བསམ་ཕྱོགས། གཙོ་གནད་ལས་འགན་བཅས་བཏོན་ནས་སྤྱི་ཚོགས་ལ་སྔོན་དཔག་བཟང་པོ་མཁོ་འདོན་བྱེད་པ་དང་རྒྱལ་ཡོངས་གོང་འོག་ཚང་མས་འབད་འཐབ་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཇུས་འགོད་ནན་ཏན་བྱེད་པར། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བ་སོགས་ལ་དམིགས་ཏེ་སྲིད་ཇུས་གལ་ཆེན་ཁག་གཅིག་ཞིབ་འཇུག་བྱས་ནས་བཏོན་དགོས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱ་རྒྱུར་དམིགས་ནས། སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་གལ་ཆེན་ཁག་གཅིག་ཞིབ་འཇུག་བྱས་ཏེ་བཏོན་དགོས་པ་དང་། ལྷག་པར་དུ་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཀྱི་འབྲེལ་བ་གསལ་བཟོའི་བླང་བྱ་གཞིར་བཟུང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པའི་ཐད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་དགོས།

  
style="display:none;"