མི་དམངས་དྲ་བ།

༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་སྡོམ་
ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཞི་ཅིན་ཕིང་གིས་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་སྒྲུབ་མཁན་འབྲེལ་ཡོད་
ཕྱོགས་ཀྱི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་10ཚེས་16ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

འདི་ནི་ཟླ་10ཚེས་16ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། ལས་དོན་ཁྲོད་གཡུར་ཟའི་གྲུབ་འབྲས་ཐོབ་པར་ཁས་ལེན་གནང་སྟེ། ཚང་མར་འབད་བརྩོན་ཆེར་བསྐྱེད་དང་ཡང་འབད་བསྐྱར་འབད་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཇལ་འཕྲད་ལ་ཞུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་ཕྱོགས་སྡོམ་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བ་རེད། 
     ཚེས་16ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས། ཆུ་ཚོད་10པ་ཙམ་ལ། ཞི་ཅིན་ཕིང་སོགས་འདི་གར་ཕེབས་སྐབས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ཕྱག་བཏང་ནས་བཀའ་མོལ་ཡང་ཡང་གནང་བ་དང་སྦྲགས་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད། 
     ཉེ་ཆར། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རྟེན་འབྲེལ་བྱེད་སྒོའི་ཕྱོགས་སྡོམ་སྙན་སེང་གསན་ཏེ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་རྟེན་འབྲེལ་བྱེད་སྒོ་ནི་རྒྱལ་ཁབ་ཀྱི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་ཡིན་པས། རྣམ་པ་བརྗིད་ཉམས་ལྡན་པ་དང་། བློ་རྒྱ་ཆེ་ལ་ཉམས་ལྡན་པ། ཚད་གཞི་དང་གོ་རིམ་ལྡན་པ། གུས་ལུགས་དང་རོལ་མོ་ཟུང་འབྲེལ་དམ་ཟབ་བཅས་བྱུང་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གང་ལེགས་མངོན་ནས་རྒྱལ་ཁབ་ཀྱི་ཟིལ་ཤུགས་དང་དམག་དཔུང་གི་ཟིལ་ཤུགས་ནུས་ལྡན་ངང་མངོན་པ་དང་མི་རིགས་ཀྱི་སྙིང་སྟོབས་ཤུགས་ཆེན་འཕེལ་ཡོད་ལ་ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སྤེལ་ཐུབ་ཡོད། རྟེན་འབྲེལ་བྱེད་སྒོ་ནི་ལོ་བརྒྱ་དང་པོ་འཆར་ཉེའི་མཚམས་སུ་གཉེར་བའི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཀུན་སེམས་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་པའི་རླབས་ཆེན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐེངས་ཤིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་གི་ཕུགས་འདུན་སྤོབས་སེམས་ཆེན་པོས་ཡོངས་བསྒྲགས་བྱེད་ཐེངས་ཤིག དེང་གི་འཛམ་གླིང་ལ་ལོ་བརྒྱར་བྱུང་དཀོན་པའི་འགྱུར་ལྡོག་ཆེན་པོ་བྱུང་བའི་དུས་བབ་འོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་པ་མ་ཟད། དེ་བས་འཕེལ་རྒྱས་དང་དེ་བས་སྟོབས་ཆེར་ཕྱིན་པ་མངོན་པར་བྱེད་པའི་མཛད་སྒོ་གཟབ་རྒྱས་ཤིག་བཅས་ཡིན་ཞེས་བསྟན་གནང་བ་རེད། 
     ཞི་ཅིན་ཕིང་གིས་རྟེན་འབྲེལ་བྱེད་སྒོ་དང་འབྲེལ་བ་ཡོད་པའི་ཚན་པ་མང་བ་དང་། དེའི་ནང་ཞུགས་མཁན་རྒྱ་ཆེ་བ། དུས་ཚོད་ཀྱི་བར་ཁྱད་རིང་བ། སྒྲིག་འཛུགས་ལས་འགན་ལྕི་བ་བཅས་ཡོད། བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བའི་རྩ་བ་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བསྟན་གནང་བ་རེད། 
     ཞི་ཅིན་ཕིང་གིས་རྟེན་འབྲེལ་བྱེད་སྒོ་ནི་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གཅིག་སྡུད་ཐོག་མངོན་པ་ཞིག་ཡིན་པས། གོ་སྐབས་ལ་དམ་འཛིན་གྱིས་མི་དམངས་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྟེན་འབྲེལ་བྱེད་སྒོའི་ཐོག་ནས་རྒྱུན་འཛིན་དང་གསར་གཏོད་ཟུང་འབྲེལ་དམ་ཟབ་བྱས་པ་མཚོན་ཡོད་པས། བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་བྱས་ནས་སླད་ཕྱིན་གྱི་གལ་ཆེའི་རྟེན་འབྲེལ་བྱེད་སྒོ་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས། རྟེན་འབྲེལ་བྱེད་སྒོས་ང་ཚོར་ཧ་ཅང་རྩ་ཆེའི་བསམ་པའི་རྒྱུ་ནོར་བཞག་ཡོད་པས། བསམ་པའི་རྒྱུ་ནོར་འདི་དག་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་དུང་ཕྱུར་མང་པོ་དཔའ་ངར་ཆེར་བསྐྱེད་ཀྱིས་དུས་རབས་གསར་པར་བསྐྱོད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
     ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། 
     ཝང་ཧུའུ་ཉིང་གིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ། རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། 
     རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཏིང་ཞུའེ་ཤང་དང་། ཞུས་ཆི་ལེང་། ཧོང་ཁུན་མིང་། ཚའེ་ཆི། ཤའོ་ཅེ། ཀྲའོ་ཁེ་ཀྲི། ཧོ་ལི་ཕུང་། ལི་ཙུའོ་ཁྲེང་བཅས་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཚོགས་འདུར་ཕེབས་ཡོད་པ་རེད། རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལས་ཀའི་སྒྲིག་གཞི་ཁག་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ལས་དོན་མི་སྣ་དང་། དམག་གཟིགས་དང་ལེན་དཔུང་སྡེའི་དཔོན་དམག ཁྲོམ་སྐོར་དང་མཉམ་སྤྲོའི་མང་ཚོགས། ཞབས་ཞུ་འགན་ལེན་མི་སྣ། དང་བླངས་པ། འཁྲབ་སྟོན་མི་སྣ། འཐབ་ཕྱོགས་དང་པོའི་བདེ་སྲུང་ལས་སྒྲུབ་མི་སྣའི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད། 

  
style="display:none;"