མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་གཡོད་ཧན་ཅི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་གཡོད་ཧན་ཅི་དང་མཇལ་འཛོམས་གནང་བ།

ཟླ་10ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་གཡོད་ཧན་ཅི་དང་མཇལ་འཛོམས་གནང་བ།

     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་16ཉིན་མི་དམངས་ཚོགས་ཁང་ཆེན་མོར་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་གཡོད་ཧན་ཅི་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་རྒྱལ་སྤྱིའི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། དུས་བབ་གསར་པའི་འོག་ཀྲུང་གོའི་ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་འདུན་པ་ཆུང་དུ་ཕྱིན་མེད་པར་དེ་བས་ཆེ་རུ་ཕྱིན་ཡོད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས། ཀྲུང་གོས་སྒོ་མོ་དེ་བས་འབྱེད་རྒྱ་ཆེ་རུ་གཏོང་ངེས་ཡིན། འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གཉིས་ཁེ་གཉིས་ཕན་དེ་བས་ལེགས་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས་སྐུ་ཞབས་གཡོད་ཧན་ཅིས་ཙུང་ལིའི་འགན་བཞེས་རིང་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཡོད། ཁྱེད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་ཆེད་མུ་མཐུད་འབད་བརྩོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     གཡོད་ཧན་ཅིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱི་རྟེན་འབྲེལ་བྱེད་སྒོ་དེ་བརྗིད་ཉམས་ཆེ་ཞིང་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་པ་ཞིག་འདུག་ཅེས་གསུངས་པ་དང་། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཡིན། ལོ་རྒྱུས་ཀྱིས་མཐར་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་ཁྱད་དུ་འཕགས་པའི་འགོ་ཁྲིད་ནུས་པ་ར་སྤྲོད་བྱེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གྲུབ་འབྲས་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ངས་མུ་མཐུད་ནེའུ་ཀྲུང་དབར་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
     ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

  
style="display:none;"