མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ནེ་པ་ལའི་གུང་ཁྲན་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུའི་གསོལ་མགྲོན་ཁང་དུ་ནེ་པ་ལའི་གུང་ཁྲན་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།

ཟླ་10ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུའི་གསོལ་མགྲོན་ཁང་དུ་ནེ་པ་ལའི་གུང་ཁྲན་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཀ་ཏ་མན་རྡུའི་གསོལ་མགྲོན་ཁང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་གུང་ཁྲན་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏ་ནི་ནེ་པ་ལའི་ཆབ་སྲིད་མཁས་ཅན་རྒན་གྲས་ཤིག་དང་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་ཡག་པོ་དང་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན་ལ། ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ན་ནིང་ཁྱེད་ཀྱིས་ཙུང་ལི་ཨའོ་ལི་དང་མཉམ་དུ་ཆབ་སྲིད་ཀྱི་ཇུས་འགོད་བཏོན་ནས་མཉམ་དུ་ནེ་པ་ལའི་གུང་ཁྲན་ཏང་བཙུགས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་བཏོད་ཡོད་ཅེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ནེའི་དབར་རི་ཆུ་འབྲེལ་བ་དང་སོ་མཆུ་ལྟར་གཅིག་ལ་གཅིག་བརྟེན་ཡིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཡུན་རིང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ནེ་པ་ལ་ཕྱོགས་དང་ཕྱོགས་མང་གི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་ནེ་པ་ལའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། སྲིད་འཛིན་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་རྩ་བའི་ཉམས་མྱོང་ངོ་སྤྲོད་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ནེ་པ་ལའི་གུང་ཁྲན་ཏང་གཉིས་ཀས་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་བསམ་བློར་བྱེད་པ་དང་ནེ་པ་ལ་གུང་ཁྲན་ཏང་དང་མཉམ་དུ་ཏང་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། དུས་བཀག་གི་སྤེལ་རེས་ལམ་སྲོལ་འཛུགས་པ། ཏང་འཛུགས་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ལ་ཕན་ཚུན་མིག་དཔེ་ལྟ་བ་བཅས་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེ་ལྟ་བ་བཅས་ཀྱི་སྲིད་ཏང་གི་འབྲེལ་བ་གསར་པ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།
     ཕུའུ་ལཱ་ཁྲང་ཏ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ནེ་པ་ལར་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཡང་ཞུས་ཤིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་གྲུབ་འབྲས་ཐོབ་པའི་ངང་འགོ་ཁྲིད་བྱས་ཏེ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་ནེ་པ་ལས་ཧ་ཅང་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མུ་མཐུད་འགོ་ཁྲིད་གནང་སྟེ་དཀའ་ངལ་དང་ཉེན་ཁ་མཐའ་དག་ཁྱད་བསད་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་བདེ་བླག་ངང་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་ཡིད་ཆེས་ཡོད་ལ། སྨོན་འདུན་བཟང་པོ་ཡང་ཞུ་རྒྱུ་ཡིན། ནེ་པ་ལས་ཀྲུང་གོ་གུང་ཁྲན་ཏང་དང་ཡུན་རིང་མཉམ་ལས་འབྲེལ་བ་བཙུགས་ནས་ཀྲུང་གུང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གྲུབ་འབྲས་ཉམས་མྱོང་ལ་མིག་དཔེ་ལྟ་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ནེ་ཀྲུང་གི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་མཐོར་འདེགས་ཐུབ་ངེས་དང་ནེ་པ་ལས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་ཐུབ་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"