འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་14ཉིན།

༄༅༎ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་
ཐད་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་ནས་ཚེས་13ཉིན་བར། ཀྲུང་དབྱང་དྲིལ་བསྒྲགས་པུས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་མུ་འབྲེལ་བགྲོ་གླེང་ཚོགས་འདུ་འཚོགས་ནས། “སྤྱི་ཚོགས་གསར་བརྗེ་དང་རང་ངོས་གསར་བརྗེར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར”དམིགས་ནས་ཆེད་དོན་བགྲོ་གླེང་སྤེལ་བ་རེད།
     ཚོགས་ཞུགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས། ང་ཚོའི་ཏང་ནི་ལོ་བརྒྱའི་ཏང་ཆེན་པོ་ཡིན་པའི་ངོས་ནས། ནམ་ཡང་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ནས་ཡུན་རིང་སྲིད་སྐྱོང་ཐུབ་པ་བྱེད་དགོས་པ་དང་། ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ། མདུང་ཁ་ནང་དུ་གཏད་ནས་རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་མངོན་གསལ་དོད་པོ་ཐག་བཅད་པ་བརྒྱུད། ཏང་གི་རང་ངོས་གཙང་བཟོ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་མངོན་འགྱུར་བྱེད་དགོས། མདུན་སྐྱོད་ཀྱི་འཐབ་ལམ་ཐོག་ཏུ། ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱི་གསར་བརྗེའི་སྙིང་སྟོབས་དང་སྙིང་རུས་མཐའ་འཁྱོངས་བྱེད་དགོས་ཤིང་། དཀའ་ཚེགས་ཆེ་བའི་སྤྱི་ཚོགས་གསར་བརྗེས་རང་ངོས་ཀྱི་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། རང་ངོས་གསར་བརྗེ་མཐར་ཕྱིན་བྱས་ནས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྣེ་ཁྲིད་པ་བཅས་བྱས་ཏེ། ཏང་དེ་གསར་བརྗེ་རང་བཞིན་གྱི་འཛུགས་སྐྲུན་ཁྲོད་སྔར་བས་བརྟན་བརླིང་སྟོབས་དང་ལྡན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་དེ་བས་ཆེ་བ་འཕེལ་བར་བྱེད་དགོས་པ་ངོས་འཛིན་བྱས།
     ཀྲུང་དབྱང་གི་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས(ཁང)ཀྱི་འགན་འཁུར་བློ་མཐུན། རྒྱལ་ཡོངས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན། རྒྱལ་ཡོངས་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་གཙོ་གནད་ཁག་གི་འགན་འཁུར་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།