མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་གཡོད་ཧན་·ཅི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་གཡོད་ཧན་·ཅི་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད། དུས་བབ་གསར་པའི་འོག་ཀྲུང་གོས་ཕྱི་ཕྱོགས་མཉམ་ལས་ཀྱི་འདོད་བློ་ཆུང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་ཆེ་རུ་ཕྱིན་ཡོད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་སྒོ་མོ་དེ་བས་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་རེད། རྒྱལ་ཁབ་ཁག་གི་ཁེ་ལས་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གཉིས་ཁེ་གཉིས་ཕན་དེ་བས་ལེགས་པ་ཡོང་བའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ་དང་། ཞི་ཅིན་ཕིང་གིས་སྐུ་ཞབས་གཡོད་ཧན་·ཅིས་ཙུང་ལིའི་འགན་བཞེས་རིང་ཀྲུང་ནེའུ་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་ཁྱེད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མཉམ་ལས་ཐད་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     གཡོད་ཧན་·ཅིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་ཀྲུང་གོ་ཕྱོགས་ཀྱི་རྟེན་འབྲེལ་བྱེད་སྒོ་རྔམ་བརྗིད་ལྡན་ལ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ཞིང་ཕུལ་དུ་བྱུང་བའི་འགོ་ཁྲིད་ཀྱི་ནུས་པར་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གྲུབ་འབྲས་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད། ངས་མུ་མཐུད་ནེའུ་ཀྲུང་དབར་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"