འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཐོན་ལས་ཆེན་པོ་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར་
    403.09ཟིན་པ་དང་ན་ནིང་དུས་མཉམ་ལས་10.5%འཕར་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད་ནས་འཛམ་གླིང་ཡང་རྩེར་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། ཟླ་2ཚེས་4ཉིན། ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བའི་གྲངས་འབོར་ན་ནིང་དུས་མཉམ་དང་བསྡུར་ན་90.3%འཕར་ཡོད། ཟླ་2ཚེས་5ཉིན། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད”ཅེས་པའི་ཐའེ་ཝན་གྱི་ཡུལ་སྐོར་ཚོགས་པ་དང་པོ་བོད་ལྗོངས་སུ་འབྱོར་ཡོད། ཐོན་ལས་དར་སྤེལ་གྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པར་བརྟེན། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད”ཅེས་པའི་བྱེད་སྒོར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་གཉིས་ཀ་62%ལྷག་འཕར་ནས། ཐོན་ལས་འཕེལ་རྒྱས་ཀྱི་ཁྲོད་དུ་ཡུལ་སྐོར་གྱིས་སྔོན་ལ་ནུས་ཤུགས་འདོན་འགོ་འཛུགས་པར་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་དེང་རབས་ཐོན་ལས་འཛུགས་སྤེལ་གྱི་གཙོ་གྲས་ཤིག་ཏུ་གྱུར་ཡོད།
            བོད་ལྗོངས་ཀྱི་དོན་དངོས་ལ་གཞིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་སུ་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་ཀྱིས“དགེ་མཚན་འདོན་སྤེལ་དང་ཞན་ཆ་ཁ་གསབ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་བསྡུར་མངོན་དགེ་མཚན་ལ་གཞི་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ཁྲིད་ཕྱོགས་སུ་འཛིན་པ། ཚོང་རའི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་འཛིན་པ། ཚོང་རས་གཙོ་ཁྲིད་དང་སྲིད་གཞུང་གིས་ཁྲིད་སྟོན། གཙོ་གནད་འབུར་ཐོན། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་རྒྱུན་འཁྱོངས་དང་། ཐོན་ལས་གོང་འཕེལ་གཏོང་རྒྱུའི་བསམ་ཕྱོགས་གསལ་པོ་བཟོ་བ་དང་ཐོན་ལས་གོང་འཕེལ་གཏོང་རྒྱུའི་གཙོ་གནད་དེ་དམ་པོར་འཛིན་པ། དགེ་མཚན་མངོན་གསལ་ལྡན་པ་དང་། ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཀྱི་ཐོན་ལས་མ་ལག་ཆགས་པར་འབབ་པ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་དགོས”ཞེས་བསྟན་ཡོད།
           གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཐོན་ལས་འཛུགས་སྤེལ་ཇེ་མགྱོགས་སུ་བཏང་ནས། ལྗོངས་ཡོངས་ཀྱི་མཐོ་སྒང་གི་སྐྱེ་དངོས་དང་ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས། ནུས་ཁུངས་གཙང་མ། དེང་རབས་ཀྱི་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས་བཅས་ཐོན་ལས་ཆེན་པོ་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར་403.09ཟིན་ཞིང་། ན་ནིང་དུས་མཉམ་ལས་10.5%འཕར་ཡོད། ཐོན་ལས་རྣམ་གྲངས་མ་འཇོག་སྒོར་དུང་ཕྱུར་377.8ལེགས་འགྲུབ་བྱུང་ནས་ན་ནིང་དུས་མཉམ་ལས་སྒོར་དུང་ཕྱུར་53.9འཕར་ཡོད། ཐོན་ལས་མ་འཇོག་བསྡུར་ཚད་ན་ནིང་གི་47.9%ནས་59.4%བར་མཐོ་རུ་ཕྱིན་ནས། བརྒྱ་ཆའི་གྲངས་11.5ཇེ་མཐོར་ཕྱིན་ཡོད།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས། ཞན་ཆ་ཁ་གསབ་བྱེད་པ་དེ་རང་ངོས་གོང་དུ་འཕེལ་བའི་ནུས་པ་འདང་ངེས་མེད་པ་དང་། འཕེལ་རྒྱས་ཀྱི་ཧེ་བག་ཅུང་ཆེ་བ་སོགས་ཀྱི་གནད་དོན་དམ་འཛིན་བྱ་གཞི་གལ་ཆེན་དུ་བཟུང་ཞིང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོར་གཞི་ཚུགས་པ་དང་བསྡུར་མངོན་དགེ་མཚན་འདོན་སྤེལ་དང་། འཕེལ་རྒྱས་གྱི་གཙོ་གནད་དམ་འཛིན་བྱས་ཏེ། ལེགས་ཆ་མངོན་གསལ་དོད་ཅིང་ཁྱད་ཆོས་མངོན་གསལ་ཆེ་བའི་དེང་རབས་ཐོན་ལས་ཁག་ཅིག་རིམ་བཞིན་གཞི་ཁྱོན་ཅན་དུ་གྱུར་ཡོད།
           བསྡོམས་རྩིས་གསར་ཤོས་ལས་མཚོན་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་138.12ཟིན་ཞིང་། ན་ནིང་དུས་མཉམ་ལས་13.6%འཕར་ཡོད། ལྗང་མདོག་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་36.4ཟིན་ཞིང་། ན་ནིང་དུས་མཉམ་ལས་12.9%འཕར་ཡོད། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་89.11ཟིན་ཞིང་། ན་ནིང་དུས་མཉམ་ལས་14.4%འཕར་ཡོད། མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་17.9ཟིན་ཞིང་། ན་ནིང་དུས་མཉམ་ལས་ལྡབ་4.1འཕར་ཡོད། ཚད་ལོན་ཡན་གྱི་སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་3.86ཟིན་ཞིང་། ན་ནིང་དུས་མཉམ་ལས་5.6%འཕར་ཡོད། ནུས་རྒྱུ་གཙང་མ་འཛུགས་སྐྲུན་བྱེད་བཞིན་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི་555ཟིན་ནས་ལོ་རྒྱུས་ཐོག་མཐོ་ཤོས་སུ་སླེབས་ཡོད། གློག་རྡུལ་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་ནས་ལོ་སྟོད་དུ་དྲ་ཐོག་སིལ་ཚོང་སྒོར་དུང་ཕྱུར་18.3ཟིན་ནས་ན་ནིང་དུས་མཉམ་ལས་62.1%འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།