འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་སྨན་བཅོས་ལས་ལ་རོལ། ས་མཐོར་བརྩེ་སེམས་ཟབ་མོ་བཅངས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

    ༄༅།།བོད་སྐྱོར་སྨན་བཅོས་ལས་ལ་རོལ། ས་མཐོར་བརྩེ་སེམས་ཟབ་མོ་བཅངས།
             མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་བཞིའི་ནང་།  ཀོང་ཏུང་ཞིང་ཆེན་གྱིས་ཁྱོན“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་རུ་ཁག་ཁག་བཞི་མངགས་ནས་བོད་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་སྐྱོར་འོག་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དེ་ཉིད་སྨན་བཅོས་དང་།  སློབ་ཁྲིད། ཚན་ཞིབ་བཅས་གཞི་གཅིག་ཏུ་འབྲེལ་བའི་ཕྱོགས་བསྡུས་རང་བཞིན་གྱི“ཀ་པ་རིམ་པ་གསུམ་པའི་"སྨན་ཁང་དུ་བསྐྲུན་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བས་ས་གནས་དེ་གའི་སྨན་བཅོས་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཚོར་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུ་སྦྱིན་ཡོད། གོང་གི་པར་རིས་ནི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དུ་ལྷོ་ཕྱོགས་གསོ་རིག་ཚན་རིག་སློབ་ཆེན་ནས་ཡིན་པའི་སྨན་པ་འབུམ་རམས་པ་གཞོན་པ་ལེའུ་ཁྲོན་ཅང(གཡས)དང་སྨན་ཁང་དེ་གའི་སྨན་པས་བོད་རིགས་སྤུན་ཟླར་མཆིན་པའི་ཐུམ་འབུའི་ནད་ཀྱི་གཤགས་བཅོས་བྱེད་བཞིན་པ་རེད།
    【1】  【2】  【3】  【4】  【5】  【6】
    ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཀོང་ཀྲའོ་གྲོང་ཁྱེར་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་གི་ཚོར་སྦྲིད་ཚན་ཁག་ནས་ཡིན་པའི་སྨན་པ་རབ་འབྱམས་པ་ལེའུ་ལིའི་ཧྲེང་(གཡས་)གིས་གཤགས་བཅོས་ཁང་དུ་སྨན་བཅོས་བྱེད་བཞིན་པ།

    ཕྱོགས་བསྡུས་གསར་འགྱུར།