འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ཉིན་གྱི་སྔ་དྲོར། བོད་ལྗོངས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཡོད།
           བོད་ལྗོངས་ཀྱི་ཆབ་མདོ་ནི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་སུ་གནས་ཅིང་། དམིགས་བསལ་གྱི་གྲོང་ཁྱེར་གྱི་ཁྱད་ཆོས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཟབ་མོ་ལྡན་པ་ཞིག་ཡིན། སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས“སྟོང་ལོའི་གནའ་ལམ། བསྐལ་བཟང་ལོ་ཟླ"ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། 《དགའ་སྤྲོས་ཁེངས་པའི་ཆུ་གསུམ་》དང་《ཁ་རུབ་རྗེས་དྲན་》 《ཚེ་སྲོག་གི་བསྟོད་གླུ་》 《མུ་ཏིག་ནས་འོད་མདངས་བཀྲ་》《བསྐལ་བཟང་ལོ་ཟླ་》སོགས་ཀྱི་ལེ་ཚན་མང་པོ་ཞིག་ལས་གྲུབ་པའི་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བྱས་ཡོད་པ་དེའི་དུས་ཚོད་སྐར་མ་90ཟིན་པ་དང་། ཁྱོན་འཁྲབ་སྟོན་པ་སྟོང་ཕྲག་ཙམ་འཁྲབ་སྟོན་ནང་ཞུགས་ཡོད།
             ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་རིང་། ད་དུང་རིག་རྩལ་འཁྲབ་སྟོན་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཁྱད་ཆོས་ལྡན་པའི་ཡུལ་སྐོར་མྱོང་རོལ། ཡིག་རིས་དང་པར་ལེན་འགྲེམས་སྟོན། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད་།
    ༄༅།།བོད་ལྗོངས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ།
    ༄༅།།བོད་ལྗོངས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ།
    ༄༅།།བོད་ལྗོངས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།