འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་གདན་ཞུས་ལྟར་ཚོང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཧྲུའུ་ཝུན་གྱིས་ཚོགས་སྣེ་
    ཁྲིད་དེ་ཨ་རིར་ཀྲུང་ཨའི་ཚོང་ལས་གནད་དོན་གྱི་པུའུ་རིམ་པ་གཞོན་པའི་གྲོས་མོལ་ལ་འགྲོ་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་17ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཚོང་ལས་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་གདན་འདྲེན་ཞུས་པ་ལྟར། ཚོང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་ལས་གྲོས་མོལ་གྱི་འཐུས་མི་གཞོན་པ་ཝང་ཧྲུའུ་ཝུན་གྱིས་ཟླ་8པའི་ཟླ་སྨད་དུ་ཚོགས་པ་ཁྲིད་དེ་ཨ་རིར་བསྐྱོད་ནས། ཨ་རིའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་མཱར་ཕཱ་སི་ཡིས་སྣེ་ཁྲིད་པའི་ཨ་རིའི་འཐུས་མི་ཚོགས་པ་དང་ཕྱོགས་སོ་སོ་རང་ཐད་ནས་དོ་ཁུར་བྱེད་པའི་ཀྲུང་ཨ་བར་གྱི་ཚོང་ལས་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་རེད།
         ཀྲུང་གོ་ཕྱོགས་ཀྱིས་བསྐྱར་བསྒྲགས་བྱས་དོན། ཕྱོགས་རེའི་རིང་ལུགས་དང་ཚོང་ལས་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་ཐབས་ལ་ངོ་རྒོལ་དང་། ཕྱོགས་རེའི་ཚོང་དོན་ཚོད་འཛིན་བྱ་ཐབས་གང་ཡང་དང་ལེན་བྱ་རྒྱུ་མིན་ཞིང་། ཀྲུང་གོས་འདྲ་མཚུངས་དང་འདྲ་མཉམ།  དྲང་བདེན་གྱི་རྨང་གཞིའི་ཐོག  ཕན་ཚུན་བར་གྲོས་མོལ་དང་ཁ་བརྡ་བྱ་རྒྱུ་ཡིན། 
      

    ཕྱོགས་བསྡུས་གསར་འགྱུར།