འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་གཟིགས་སྐྱོང་བྱ་ཡུལ་ཁག་གཅིག་གི་མི་སྣའི་གཟིགས་སྐྱོང་དང་འཚོ་བའི་
    ཁ་གསབ་རོགས་དངུལ་ཀྱི་ཚད་གཞི་ཡང་བསྐྱར་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་17ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞི་འཛིན་པ་དང།  མཚོ་སྔོན་ཞིང་ཆེན་གི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་གཟིགས་སྐྱོང་ཁ་གསབ་ཚད་གཞི་རང་ཤུགས་སུ་འཕར་བའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་《འབྲེལ་ཡོད་གཟིགས་སྐྱོང་བྱ་ཡུལ་ཁག་གཅིག་ལ་མི་སྣའི་གཟིགས་སྐྱོང་དང་འཚོ་བའི་གསབ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པ་དང་། ཟླ་8ཚེས་1ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཟིགས་སྐྱོང་བྱ་ཡུལ་ཁག་གཅིག་ལ་མི་སྣའི་གཟིགས་སྐྱོང་དང་འཚོ་བའི་གསབ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་ནས་མཐོ་རུ་བཏང་ཡོད།
               དབང་པོ་སྐྱོན་ཅན་གྱི་དམག་མི(རྨས་སྐྱོན་བྱུང་བའི་མི་དམངས་ཉེན་རྟོག་པ་དང་། རྨས་སྐྱོན་བྱུང་བའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ། རྨས་སྐྱོན་བྱུང་བའི་ཡུལ་དམག་དང་ཡུལ་མི་ལས་མི་བཅས་ཚུད)ཡི་དབང་པོ་སྐྱོན་ཅན་གྱི་གཟིགས་སྐྱོང་དངུལ་དང་། སྔོན་གཤེགས་དཔའ་བོའི་ནང་མི(གཞུང་དོན་དུ་ལུས་སྲོག་བློས་གཏོང་བྱས་པའི་དམག་མིའི་ནང་མི་དང་། ན་ནས་འདས་པའི་དམག་མིའི་ནང་མི་ཚུད) ཡི་དུས་བཀག་གི་གཟིགས་སྐྱོང་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་ནས་སྤོར་ཚད་10%ཡིན། ལེགས་སྒྲིག་ཚད་གཞི་གཞན་དག་ཚང་མ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཅིག་གྱུར་ཚད་གཞི་གཞིར་འཛིན་རྒྱུ། གྲོང་གསེབ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་ལས་ཁུངས་མེད་པ་དང་། ལོ་18གོང་དུས་བཀག་གཟིགས་སྐྱོང་དངུལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་མྱོང་མེད་པ་དང་།  ལོ་60ཟིན་པའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག(ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གསོད་ནོར་ཤོར་རྗེས་དག་སེལ་བྱས་པའི་མི་སྣའི་བུ་ཕྲུག)གི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་570བར་སྤར་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་ཚད་གཞི་ལས་ཟླ་རེར་སྒོར་130ཡི་མཐོ་བ་ཡོད།
             མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ད་ལོའི་ཚད་གཞི་མཐོ་རུ་གཏོང་བའི་ལས་དོན་དེ་སྔར་ལོ་ལས་ཟླ་གཉིས་སྔ་བསྣུར་དུ་སྤེལ་ཡོད་པ་དེ་གཙོ་བོ་རྒྱ་ཆེའི་དམག་མི་དང་དམག་མིའི་ནང་མི། དམག་ཞབས་ཐིམས་པའི་དམག་མིའི་“བརྒྱད་གཅིག”དམག་བཙུགས་དུས་ཆེན་གྱི་དམིགས་བསལ་གྱི་བརྩེ་དུང་འདིར་བསམ་གཞིགས་བྱས་པ་དང་།  ཏང་དང་སྲིད་གཞུང་གིས་དམག་ཞབས་ཐིམས་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་པར་བྱས་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།