འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་
    ཀྲང་གཞོན་པ་ཟུར་པ་ཝུའུ་ཀྲེན་ལ་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་
    གཞི་ཡོད་པས་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་
    ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་17ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཟུར་པ་ཝུའུ་ཀྲེན་ལ་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 
         ཝུའུ་ཀྲེན་གྱི་ལོ་རྒྱུས། 
         ཝུའུ་ཀྲེན། སྐྱེས་པ། རྒྱ་རིགས། 1958ལོའི་ཟླ་5པར་སྐྱེས། ཅང་ཞི་ནན་ཧྥེང་ནས་ཡིན་ཞིང་། 1975ལོའི་ཟླ་8པར་ལས་ཀར་ཞུགས་པ་དང་། གུང་ཁྲན་ཏང་ཡོན། ཞིབ་འཇུག་སློབ་མའི་བསླབས་རིམ། སྔོན་ཆད་ཅང་ཞི་ཞིང་ཆེན་འཕྲོད་བསྟེན་ཐིང་སྨན་ཁྲིད་ཚན་རྩལ་ཁྲུའུ་ཡི་ལས་བྱེད་པ་དང་། ཅང་ཞི་ཞིང་ཆེན་འཕྲོད་བསྟེན་ཐིང་གི་སྨན་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་། ཅང་ཞི་ཞིང་ཆེན་བཟའ་བཅའ་སྨན་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཅང་ཞི་ཞིང་ཆེན་བཟའ་བཅའ་སྨན་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཁུར། 2006ལོའི་ཟླ་9པར་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར། 2007ལོའི་ཟླ་8པ་ནས་2011ལོའི་ཟླ་6པའི་བར་རྒྱལ་ཁབ་སྨན་གཞུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་ཁུར། 2013ལོའི་ཟླ་4པར་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། བཟའ་བཅའ་སྨན་རྫས་བདེ་འཇགས་ལྟ་སྐུལ་གྱི་འགན་ཁུར། 2013ལོའི་ཟླ་7པར། རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། 2015ལོའི་ཟླ་8པར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་གཅིག་ལྕོགས་ཁུར་ཡོད། (ཁོང་གི་ལོ་རྒྱུས་ནི་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ནས་བཤུས།)
      

    ཕྱོགས་བསྡུས་གསར་འགྱུར།