འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཧང་ཀྲོའུ་གྲོང་སྐོར་ནུབ་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་9རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་13ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་8ཚེས་12ཉིན་གྱི་ཐོ་རེངས་ལ། ཧང་ཀྲོའུ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་གྱི་ནུབ་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས། མིག་སྔའི་བར་མི་9རྐྱེན་ལམ་དུ་ཤོར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་12ཉིན་གྱི་ཆུ་ཚོད་3དང་སྐར་མ་58ཙམ་ལ། ཧང་ཀྲོའུ་གྲོང་སྐོར་ནུབ་ལམ་གྱི་བྱང་ནས་ལྷོ་རུ་བསྐྱོད་སའི་81K+500Mཉེ་འཁོར་གྱི་ལམ་དུམ་དུ་སྔ་རྗེས་སུ་འགྲིམ་འགྲུལ་དོན་རྐྱེན་ཐོན་པའི་ནང་ཟོག་འདྲེན་རླངས་འཁོར་3དང་རླངས་འཁོར་ཆུང་གྲས་2ཡོད་པ་ལས། མི་9རྐྱེན་ལམ་དུ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་ཡོད་ཅིང་། རླངས་འཁོར་3དོན་རྐྱེན་ཁྲོད་རླངས་འཁོར་3དོན་རྐྱེན་ཁྲོད་མེས་བསྲེགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།