འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རུ་ཐོག་རྫོང་དུ་ས་ཡོམ་རིམ་པ་5.2བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན་གྱི་ཆུ་ཚོད་12དང་སྐར་མ་4ཡི་ཐོག་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ས་ཡོམ་རིམ་པ་5.2བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་5ཡིན་།  མིག་སྔའི་བར་མི་སྣའི་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད་པ་རེད།
            རུ་ཐོག་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་མཱ་ཁྲུན་ཧུང་གིས། “ཡོམ་ཁུངས་ནི་ཀོ་བཀྲ་མཚོའི་ཉེ་འགྲམ་གྱི་དུང་རུ་ཤང་དུ་ཡིན་ཞིང་། ཤིན་ཅང་ཧོ་ཐན་དང་བོད་ལྗོངས་མངའ་རིས་འདྲེས་མཚམས་ཀྱི་མི་མེད་ཁུལ་ཡིན། རྫོང་གིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡོམ་ཁུལ་དུ་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་བསྐྱོད་ཟིན”ཞེས་བརྗོད་ཡོད།
            མངའ་རིས་ས་ཁུལ་རུ་ཐོག་རྫོང་ནི་བོད་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་ཤིང་། རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཙམ་ཡིན་པ་དང་མཐའ་མཚམས་རྫོང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།