འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྐད་འཕྲིན་ལ་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱ་དགོས་པ་ནི་གཡོ་ཇུས་ཡིན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐུན་ཞུན་གྱིས“སྐད་འཕྲིན་ལ་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱ་དགོས”ཞེས་པའི་དོན་ལ་ལན་སློག་པ་སྟེ། སྐད་འཕྲིན་གྱི་གཏོང་སྤྲོད་ལས་རྣམ་པ་གང་རུང་གི་སྒོ་ནས་འཛད་སྤྱོད་པར་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱེད་པར་སྐུལ་ཁྲིད་བྱེད་མྱོང་མེད་པ་དང་། འཛད་སྤྱོད་པ་ཚོས་བརྡ་འཕྲིན་སོགས་ནས་བརྒྱུད་བསྒྲགས་བྱས་པའི་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱ་དགོས་པའི་བླང་བྱ་དང་སྦྲེལ་ཐག་ལ་ཡིད་ཆེས་མི་བྱེད་པ་དང་། གཡོ་འོག་ཏུ་ཚུད་པ་ལ་གཟབ་གཟབ་བྱ་དགོས་པ་བརྗོད།
        ཧྲེན་ཀྲེན་སྤྱི་བདེ་ཁང་གི་སྐད་འཕྲིན་སྤྱི་སྟེགས་ལས་བསྒྲགས་དོན། ས་ཆ་མང་པོའི་མང་ཚོགས་ཀྱི་ཞུ་གཏུགས་འབྱོར་ཡོད། སྐད་འཕྲིན་ཐོག་ཏུ་སྤྱི་སྟེགས་ཀྱི་མིང་ལ་“གཏོང་སྤྲོད་བདེ་འཇགས་ དཔང་དཔྱད”ཅེས་པའི་བརྡ་འཕྲིན་སྤེལ་ཏེ། འཛད་སྤྱོད་པ་ལ་དེའི་ནང་གི་སྦྲེལ་ཐག་ཁ་ཕྱེ་ནས“སྐད་འཕྲིན་ལ་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱ་དགོས”པའི་བླང་བྱ་བཏོན་ཞིང་། དེ་ལྟར་མ་བྱས་ན་སྐད་འཕྲིན་གྱི་ཨང་གྲངས་སྒོ་རྒྱག་རྒྱུ་ཡིན་ཟེར། འཛད་སྤྱོད་པ་ཁ་ཤས་ཀྱིས་སྦྲེལ་ཐག་ཁ་ཕྱེ་རྗེས། དེ་ནི་ཤིང་རྟ་སྦྲེལ་མཐུད་ཡིན་པ་ཤེས།
         ད་ཆར། Appམང་པོ་ལ་རྒྱབ་སྟེགས་སུ་དངོས་མིང་ལག་བསྟར་བྱས་པ་དང་། མདུན་སྟེགས་སུ་དངོས་མིང་རང་མོས་ཀྱི་ལམ་ལུགས་བསྟར་ཡོད། དེའི་ཕྱིར། Appབེད་སྤྱོད་སྐབས་སུ་དངོས་མིང་དཔང་དཔྱད་བྱ་དགོས་པ་ཡ་མཚན་ཞིག་མིན་མོད། འོན་ཀྱང་། སྐད་འཕྲིན་ལ་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱ་དགོས་པ་ནི་གོ་མྱོང་མེད་པ་ཞིག་ཡིན། སྐད་འཕྲིན་ཚོགས་པས་ཀྱང་ར་སྤྲོད་བྱས་ཟིན་པ་སྟེ། མིག་སྔར་མི་སྒེར་དང་ཁེ་ལས་ཀྱི་སྐད་འཕྲིན་ཨང་གྲངས་ལ་དངོས་མིང་དཔང་དཔྱད་ཐེངས་གཉིས་པ་བྱ་དགོས་པའི་བླང་བྱ་འདོན་མྱོང་མེད་པ་བརྗོད།
         ཉེན་རྟོག་པས་རྒྱ་ཆེའི་དྲ་གྲོགས་རྣམས་ལ། ཐོབ་ཐང་དཔང་དཔྱད་ལ་དངུལ་བྱང་གི་ཨང་གྲངས་དང་སྦྲེལ་མི་དགོས་པ་དང་། དཔང་དཔྱད་སྟེགས་བུའང་ཀུང་སིའི་དྲ་ཚིགས་ཡིན་མི་སྲིད་ལ། ད་དུང་མགོ་སྐོར་གཡོ་ལེན་གྱི་འབྲེལ་ཡོད་ཆ་འཕྲིན་ནང་དུ་“དྲ་རྒྱའི་ཉེས་ཁྲིམས”ཟེར་བ་ནི་རྩ་བ་ནས་མེད་ཅིང་། མིག་སྔར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཁོ་ན་མ་གཏོགས་མེད། ངེས་པར་དུ་ཡོངས་ཁུངས་མི་གསལ་བའི་དྲ་ཚིགས་ཁ་མི་ཕྱེ་བ་དང་། རང་འདོད་ལྟར་མཉེན་ཆས་བཀོལ་སྤྱོད་ཕབ་ལེན་མི་བྱ་ཞིང་། དེ་བས་ཀྱང་སྤྱི་ཚོགས་ཀྱི་འབྲེལ་གཏུག་ཨང་གྲངས་དང་གསང་གྲངས། ལག་འཁྱེར་ཁ་པར་གྱི་དཔང་དཔྱད་ཨང་གྲངས། དངུལ་བྱང་གི་ཨང་གྲངས་དང་གསང་གྲངས་སོགས་རྒྱུ་ནོར་བདེ་འཇགས་དང་འབྲེལ་བའི་ཆ་འཕྲིན་གལ་ཆེན་འབྲི་མི་རུང་བའི་དྲན་སྐུལ་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།