འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་ལིན་ཞིང་ཆེན་གྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཟུར་པ་
    ཚུའེ་ཧོང་ཧའེ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཅི་ལིན་ཞིང་ཆེན་གྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཟུར་པ་
ཚུའེ་ཧོང་ཧའེ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱས།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན། ཅི་ལིན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ཟུར་བ་ཚུའེ་ཧོང་ཧའེ་(ཐིང་རིམ་པ)ལྐོག་རྔན་བླངས་པར་དོགས་པ་ཡོད་པའི་གྱོད་གཞི་ལ། ཁྲང་ཁྲུན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱས་པ་རེད།
         ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་དུས་རིམ་དུ། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ཚུའེ་ཧོང་ཧའེ་ལ་གཏུག་བཤེར་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཤེས་སུ་བཅུག་པར་མ་ཟད། ད་དུང་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་ཚུའེ་ཧོང་ཧའེ་ལ་འདྲི་རྩད་བྱས་པ་དང་། བཤེར་རྩོད་དག་འབུད་བྱེད་མཁན་གྱི་བསམ་འཆར་ཡང་ཉན་ཡོད་ཅིང་། གྱོད་གཞིའི་དཔྱད་གཞི་ཚང་མ་ལ་ཞིབ་བཤེར་བྱས།
        ཁྲང་ཁྲུན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྦྱོར་ཞུ་ཡིག་ནང་དུ། ཞུ་སྦྱོར་ཕྱི་མ་བ་ཚུའེ་ཧོང་ཧའེ་ཡིས་ལས་གནས་བེད་སྤྱད་ནས། མི་གཞན་ལ་ཁེ་བཟང་གཉེར་བ་དང་། ཁྲིམས་དང་འགལ་ནས་མི་གཞན་གྱི་རྒྱུ་ནོར་བླངས་པས། ལྐོག་རྔན་བླངས་པའི་བྱས་ཉེས་བཞིན་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས་པ་རེད་ཅེས་སྐྱོན་འདོན་ཞུ་གཏུག་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།