མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་ལ་བརྟག་དཔྱད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་ལ་བརྟག་དཔྱད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་ལི་ཁེ་ཆང་བོད་རང་སྐྱོང་ལྗོངས་སུ་བརྟག་དཔྱད་གནང་བར་ཕེབས་ཤིང་། ཐོག་མར་ཉིང་ཁྲིར་ཕེབས་པས། གནམ་གྲུ་ནས་བབས་མ་ཐག་ཐད་ཀར་སྨན་གླིང་རྫོང་ཆབ་ནག་ཤང་གི་མོན་པ་ཞེས་དཀར་གྲོང་ཚོར་ཕེབས་པ་རེད། གྲོང་ཚོ་འདི་ནི་གནས་སྤོའི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་མི་ཚོ་ནི་དབུལ་ཕོངས་ས་ཁུལ་ནས་གནས་སྤོས་ནས་ཡོང་བ་རེད། ལི་ཁེ་ཆང་ཀུན་བཟང་གི་ཁྱིམ་དུ་ཕེབས་ནས། ཁོང་ཚོ་ཁྱིམ་མི་6དང་མཉམ་དུ་བཀའ་མོལ་གནང་བ་རེད། ཙུང་ལི་ཡིས་ཁོང་ཚང་གི་ཡོང་འབབ་གཙོ་བོའི་ཡོངས་ཁུངས་གང་ཡིན་པ་དང་། ལོ་གཅིག་ལ་ཡོང་འབབ་ག་ཚོད་གསོག་ཐུབ་པ། སྨན་པར་བསྟེན་པ་དང་བྱིས་པ་སློབ་གྲྭ་འགྲོ་བར་སྟབས་བདེ་ཡོད་མེད། ད་ཆར་ད་དུང་དཀའ་ངལ་གང་ཡོད་བཅས་བཀའ་འདྲི་གནང་བ་རེད། ཀུན་བཟང་གིས། ཁོང་ཚོ་ནི་འགྲིམ་འགྲུལ་སྟབས་མི་བདེ་བའི་མེ་ཏོག་རྫོང་ནས་གནས་འདིར་སྤོས་པ་ཡིན། ད་ཆར་ས་ཞིང་འདེབས་པ་དང་ས་ཞིང་གླ་གཏོང་བ། ཡུལ་སྐོར་སྣེ་ལེན་སོགས་ལ་བརྟེན་ནས་ཁྱིམ་ཚང་ཡོངས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་15བསགས་ཐུབ་ཀྱི་ཡོད་པ། སྨན་བཅོས་དང་སློབ་གསོ་ལ་འགན་སྲུང་ཡོད་པ། གྲོང་ཚོ་ཡོངས་ལ་ཁྱོན་བསྡོམས་གྲོང་མི་72ཡོད་པ་ལས། ཁྱིམ་ཚང་བརྒྱ་ཆ་དགུ་བཅུ་ཙམ་ནི་ཁོང་ཚང་གི་ཡོང་འབབ་ཆུ་ཚད་དང་འདྲ་ཞེས་ཞུས་པ་རེད། ལི་ཁེ་ཆང་གིས། ཁྱེད་རང་ཚོ་གཞན་ཡུལ་དུ་གནས་སྤོས་པར་བརྒྱུད་ནས་ས་བབ་མཐོ་བའི་ཡུལ་དུ་དབུལ་སྒྲོལ་བྱས་ཏེ། འབྱོར་འབྲིང་གི་འཚོ་བར་རོལ་བ་མཐོང་པས། ང་རང་སེམས་པ་ཧ་ཅང་དགའ་སོང་། ཁྱེད་རང་ཚོའི་འཚོ་བར་སྟོབས་འབྱོར་དང་བདེ་སྐྱིད་སྔར་ལས་ལྡན་པའི་སྨོན་འདུན་ཞུ་རྒྱུ་དང་། བཀྲ་ཤིས་བདེ་ལེགས་ཞུ་ཞེས་གསུངས། 

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་ལ་བརྟག་དཔྱད་གནང་བ།
༄༅།།ལི་ཁེ་ཆང་གིས་བོད་ལྗོངས་ལ་བརྟག་དཔྱད་གནང་བ།