འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གྲོང་ཁྱེར་70ནས་བཙོག་ཆུ་དྲི་ཅན་274གསར་རྙེད་བྱུང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་27ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གྲོང་ཁྱེར་70ནས་བཙོག་ཆུ་དྲི་ཅན་274གསར་རྙེད་བྱུང་།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། སྐྱེ་ཁམས་ཁོར་ཡུག་པུའུ་ཆུའི་ཁོར་ཡུག་དོ་དམ་སི་ཡི་སི་ཀྲང་ཀྲང་པའོ་ཡིས། སྐྱེ་ཁམས་ཁོར་ཡུག་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་གྲོང་ཁྱེར་70ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། རྒྱལ་ཁབ་ཀྱི་རྩིས་ཐོར་བཀོད་མེད་པའི་བཙོག་ཆུ་དྲི་ཅན་274གསར་དུ་རྙེད་པ་དང་། ས་ཁུལ་ཁ་ཤས་སུ་ཡན་ལག་བཅོས་པ་ལས་རྩ་བ་བཅོས་མེད་པ། བཙོག་ཆུ་ཇེ་མང་དུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ་ཟེར། ཀྲང་པའོ་ཡིས། ལྟ་སྐུལ་ཞིབ་བཤེར་གྱིས་གསར་དུ་རྙེད་པའི་གནད་དོན་རེ་རེ་བཞིན་རྩིས་ཐོ་བཀོད་ནས། འབྲེལ་ཡོད་ཕྱོགས་ཀྱིས་གནད་དོན་བསྒྱུར་བཅོས་དང་། དོན་འཁྱོལ་བྱ་ཐུབ་པར་སྐུལ་འདེད་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཀྱང་མུ་མཐུད་ནས་ས་གནས་སུ་ཞིབ་བཤེར་བྱ་རྒྱུ་ཡིན་ཟེར། 
    ༄༅།།སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གྲོང་ཁྱེར་70ནས་བཙོག་ཆུ་དྲི་ཅན་274གསར་རྙེད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།