འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་པེ་ཡིས་ཨ་རི་དང་ཁོ་རེ་ཡ་བྱང་མ་གཉིས་ཀྱི་འགོ་ཁྲིད་མཇལ་འཛོམས་མ་བྱ་གོང་ལ་ཐེ་རོན་ཕུ་
    དང་མཉམ་འཛོམས་གྲོས་མོལ་བྱ་རྒྱུ་ཡིན་པར་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན་གྱི་དགོང་མོ། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཞལ་པར་བཏང་ནས། ཕྱོགས་གཉིས་པོས་ཨ་རི་དང་ཁོ་རེ་ཡ་བྱང་མ་གཉིས་ཀྱི་འགོ་ཁྲིད་མཇལ་འཛོམས་མ་བྱ་གོང་ལ་མཉམ་འཛོམས་གྲོས་མོལ་འཚོགས་ནས་ལྗར་པན་དང་ཨ་རི་ཕྱོགས་གཉིས་པོའི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།
           ཨན་པེ་ཡིས་ཐེ་རོན་ཕུ་དང་ཞལ་པར་བཏང་ཟིན་རྗེས་བརྗོད་དོན། ལྗར་པན་དང་ཨ་རི་གཉིས་གྲོས་མཐུན་བྱུང་ཞིང་། སླད་ཕྱིན་ལྗར་པན་དང་ཨ་རི་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་དང་། ཨ་རི་དང་ཁོ་རེ་ཡ་བྱང་མ་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་བྱས་པ་དོན་སྙིང་ལྡན་པའི་མཇལ་འཛོམས་ཤིག་ཏུ་འགྱུར་རྒྱུ། ཕྱོགས་གཉིས་ཀྱིས་ད་དུང་ཡང་བསྐྱར་ལྗར་པན་དང་ཨ་རི་ཡིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་མཚོན་ཆ་དོར་བ་དང་འཕུར་མདའ་གསར་སྤེལ་བྱ་བར་མུ་མཐུད་ནས་མཉམ་ལས་བྱ་རྒྱུའི་སྐུལ་འདེད་གཏང་རྒྱུ་གཏན་འཁེལ་བྱས་ཡོད། 
           ཨན་པེ་ཡིས་ད་དུང་བརྗོད་དོན། ཁ་པར་བཏང་བའི་ཁྲོད་ཐེ་རོན་ཕུ་ལ་ཨ་རི་དང་ཁོ་རེ་ཡ་བྱང་མ་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་ཁྲོད་དུ་ཁོ་རེ་ཡ་བྱང་མ་ཕྱོགས་ལ“བཙན་ཁྲིད་ཀྱི་གནད་དོན”ཏེ།  དུས་རབས་གོང་མར་ཁོ་རེ་ཡ་བྱང་མའི་གསང་མྱུལ་གྱིས་ལྗར་པན་པ་ཁོ་རེ་ཡ་བྱང་མར་བཙན་ཁྲིད་བྱས་པའི་གནད་དོན་གླེང་རྒྱུའི་བླང་བྱ་ཐེངས་མང་བཏོན་ཡོད།
           གཞན་ཡང་ལྗར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་པན་སྲིད་གཞུང་གིས་ཟླ་6པར་ཁ་ན་ཏ་རུ་རྒྱལ་ཁབ་བདུན་གྱི་ཚོགས་པའི་དབུ་ཚོགས་འཚོག་པའི་སྐབས་དང་བསྟུན་ནས་ཨན་པེ་ཡིས་ཨ་རིར་འཚམས་འདྲི་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
           ཟླ་5ཚེས་24ཉིན། ཐེ་རོན་ཕུས་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་ལ་ཡོངས་བསྒྲགས་ཡི་གེ་ཞིག་གི་ནང་སྔར་གྱི་ཟླ་6ཚེས་12ཉིན་སིང་ཀ་ཕོར་མཇལ་འཛོམས་བྱ་རྒྱུ་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།  ཟླ་5ཚེས་26ཉིན། ཐེ་རོན་ཕུས་སླར་ཡང་ཅིན་ཀྲེང་ཨེན་གྱི་ཐུག་འཕྲད་སྔར་ལྟར་འཚོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པར་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།