འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཨར་ལས་ལས་སྟེགས་ཆེ་ཤོས་དེ་བེད་སྤྱོད་རྒྱུར་རྩིས་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲེན་ཧྭ་ལྕི་བའི་བཟོ་ལས་ཀྱི་རང་བརྟེན་ཞིབ་སྤེལ་གྱི་འཛམ་གླིང་ཐོག་གི་རླུང་ཤུགས་གློག་ཁང་གི་ཨར་ལས་ལས་སྟེགས་ཆེ་ཤོས་ཏེ། ཏུན་2000གི“ལུང་ཡོན་ཀྲེན་ཧྭ་ཨང་གསུམ་པ་རྟགས་ཅན”ཚེས་18ཉིན་བེད་སྤྱོད་རྒྱུར་རྩིས་སྤྲད་པ་དེ་ཐོག་ནས་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་མེད་པ་བཟོས་ནས་གློག་ཤུགས་གློག་ཁང་གི་སྒྲིག་སྦྱོར་ལས་སྟེགས་ཆེ་གྲས་རང་རྒྱལ་ནས་བཟོ་ཐུབ་སྟེ་རང་རྒྱལ་གྱིས་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྒྲིག་ཆས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་མཚོན་ཡོད།
          མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཨར་ལས་ལས་སྟེགས་དེར“མཚོ་ཐོག་རླུང་ཤུགས་གློག་ཁང་གི་སྒྲིག་སྦྱོར་གྲུ་གཟིངས”ཞེས་བརྗོད་པ་དང་མཚོ་ཐོག་ཏུ་རླུང་འཕྲུལ་དང་རྨང་གཞིའི་སྐྱེལ་འདྲེན་དང་དེ་བཞིན་ལྷུ་སྒྲིག་ཨར་ལས་ཐད་སྤྱོད་པ་དང་ལས་སྟེགས་དེར་ཀ་བ་བཞི་ཡོད་པ་དེ་དག་མཚོ་གཏིང་དུ་བརྟན་པོ་བཙུགས་ཏེ་གྲུ་གཟིངས་འདེགས་པ་དང་སྦྲགས་བརྟན་དུ་བཏང་ཐུབ་ནས་རྦ་རླབས་ཀྱི་ཤུགས་རྐྱེན་མི་ཕོག་པའི་ལས་སྟེགས་བརྟན་པོ་ཞིག་ཆགས་པ་བྱས་པ་ནི་མཚོ་ཐོག་རླུང་ཤུགས་གློག་ཁང་ལྷུ་སྒྲིག་བདེ་བླག་ཡོང་བའི་ཨར་ལས་ལ་དགོས་ངེས་ཀྱི་ལག་ཆ་ཞིག་རེད།
          ད་རེས་རྩིས་སྤྲད་པའི“ལུང་ཡོན་ཀྲེན་ཧྭ་ཨང་གསུམ་པ་རྟགས་ཅན”གྲུ་གཟིངས་ཀྱི་རིང་ཚད་ལ་སྨི་100.8དང་། ཞེང་ཚད་ལ་སྨི་43.2 གཏིང་ཚད་ལ་སྨི་8.4བཅས་ཡོད་པས་སྒྲིག་ཆས་ཆེ་རིགས་དཔྱང་འདེགས་ལྷུ་སྒྲིག་དང་། ཀ་བ་འཛུགས་པ། ལྷུ་སྒྲིག་བཅས་གཞི་གཅིག་ཅན་གྱི་ནུས་པ་མང་བའི་རང་འདེགས་རྣམ་པའི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཨར་ལས་ལས་སྟེགས་ཤིག་རེད།
          ལས་སྟེགས་དེར་ལག་རྩལ་གསར་པ་10ལྷག་ཙམ་དང་གོ་ལ་ཧྲིལ་པོའི་ལྗིད་འདེགས་ནུས་པ་ཆེ་ཤོས་ལྡན་ནས་ཤུར་གཉིས་ལྡན་གྱིས་ལྗིད་ཚད་མཐོ་ཤོས་ཏུན་2000འདེགས་ཐུབ་པ་དང་། ཀྲའོ་ཝ་6གི་མཚོ་ཐོག་རླུང་ཤུགས་གློག་ཁང་འདེགས་ཐུབ་པ། མཁའ་དབྱིངས་སུ་ཨ་ལོག་རྒྱག་ཐུབ་པ། མཐོ་ཚད་སྨི་120འདེགས་ཐུབ་པ་བཅས་ལས་མིག་སྔར་གོ་ལ་ཧྲིལ་པོར་རང་འདེགས་རྣམ་པའི་རླུང་ཤུགས་གློག་ཁང་གི་ཨར་ལས་ལས་སྟེགས་ཆེ་ཤོས་དེ་ཡིན་པ་དང་། DP-1སྒུལ་ཤུགས་ངེས་གནས་མ་ལག་བཀོད་སྒྲིག་བྱས་ཏེ་ལས་སྟེགས་ཧྲིལ་པོ་རྦ་རླབས་ལང་ལོང་དུ་འཕྱུར་བའི་མཚོ་ནང་དུ་འགུལ་ཙམ་ཡང་བྱེད་ཀྱི་མེད་ལ་རྒྱལ་ནང་གི་མཚོ་འོག་སྨི་50ཡི་སར་ལས་ཀ་བྱེད་ཐུབ་ནས་རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ལས་ཀ་གཏིང་ཚད་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱུང་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།