འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ལ་ཀྲུང་གོའི་
    ཚད་གཞི་བརྒྱ་ཆ་བརྒྱད་ཅུ་ཡན་ལོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཐེན་ཅིན་དུ་འཚོགས་པའི་འཛམ་གླིང་གི་རིག་ནུས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཀྲུང་གོའི་འཁོར་རིགས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཆ་འཕྲིན་བ་ཝང་ཡུང་ཀྲེས་རང་རྒྱལ་གྱི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ལ་སྤྱོད་པའི་ཚད་གཞི་གལ་ཆེན་250ལྷག་ཁྲོད་ཀྲུང་གོའི་ཚད་གཞིས་84%བཟུང་ཡོད་ཅེས་བརྗོད།
          ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་གྱིས་གྲངས་གཞི་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་སོགས་ལག་བསྟར་བྱ་ཐབས་སུ་བྱས་ནས་དོ་དམ་གསར་གཏོད་དང་། ལག་རྩལ་གསར་གཏོད། ཚོང་གཉེར་བྱེད་སྟངས་གསར་གཏོད་བཅས་ལ་སྐུལ་མ་རྒྱུན་ཆད་མེད་པར་བཏང་ནས“བསྐྱར་དར་རྟགས་ཅན”དེ་རིག་ནུས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཏུ་གྱུར་པ་བྱས་ཡོད།
          ཝང་ཡུང་ཀྲེས། “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ལ་རྒྱང་ཚོར་འཕྲུལ་ཆས་2500ལྷག་བསྒར་བས་ཕྱོགས་ཡོངས་ནས་ཞིབ་བཤེར་ཚད་ལེན་བྱེད་པའི་མ་ལག་ཆེན་པོ་ཞིག་ཏུ་གྲུབ་པ་དེས་ཤུགས་འགྲེམས་མེ་འཁོར་གྱི་འགག་རྩའི་མ་ལག་དང་ལྷུ་ལག་གི་དྲོད་ཚད་དང་། འགུལ་ཚུལ། གནོན་ཤུགས། བར་གཅོད་ནུས་པ་བཅས་ཀྱི་ཐད་རིག་ནུས་ཀྱིས་ཞིབ་བཤེར་ཐུབ་ཀྱི་ཡོད། གལ་སྲིད་རྒྱུན་གཏན་བཞིན་མ་བྱུང་ཚེ་རང་འགུལ་ངང་ཉེན་བརྡ་དང་སྔོན་བརྡ་གཏོང་བ་མ་ཟད། བདེ་འཇགས་ཀྱི་ཐབས་ཇུས་བཀོད་པ་བཞིན་རང་འགུལ་ངང་མྱུར་ཚད་ཚོད་འཛིན་བྱེད་ཀྱི་ཡོད། ད་དུང་བཀོལ་སྤྱོད་དང་བརྙན་ལམ་ནས་ཞིབ་བཤེར་བྱས་པའི་གྲངས་གཞི་ལྟར་རང་འགུལ་ངང་ཁ་ལོ་བའི་འཕྲུལ་འཁོར་གཏོང་ཚུལ་གྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ནས་དེར་ཉེན་བརྡ་བཏང་སྟེ་བདེ་འཇགས་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།