འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་དབྱི་སི་ལམ་ཕྱག་ཁང་དུ"ཁྱབ་གདལ་བཞིའི"
    བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། ཀྲུང་གོའི་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་པེ་ཅིང་ཏུང་སི་དབྱི་སི་ལམ་ཕྱག་ཁང་དུ“ཁྱབ་གདལ་བཞིའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་ནས་ས་གནས་ཁག་གི་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་དང་དབྱི་སི་ལམ་ཕྱག་ཁང་ལ་གྲོས་འགོ་འདོན་པ་དང་རྒྱལ་དར་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་དབྱི་སི་ལམ་ཕྱག་ཁང་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་བཏོན་པ་རེད།
          གྲོས་འགོ་འདོན་ཡིག་ནང་ས་གནས་ཁག་གི་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་དང་དབྱི་སི་ལམ་ཕྱག་ཁང་གིས་དང་ལེན་ཧུར་ཐག་ཞུས་ཏེ་རང་ངོས་ཀྱི་དོན་དངོས་ལ་གཞིགས་ནས་བྱེད་སྒོ་སྤེལ་བ་དང་རང་རྒྱལ་གྱི་དབྱི་སི་ལམ་ཆོས་ལུགས་ཀྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི་ཁྲིད་སྟོན་དང་དབྱི་སི་ལམ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱལ་དར་སྒྲེང་བ་དང་། ཆེད་དོན་སློབ་སྦྱོང་འཆད་ཁྲིད་བྱེད་པ། གཏམ་བཤད་འགྲན་བསྡུར་བྱེད་པ། འབྲེལ་ཡོད་སློབ་དེབ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དབྱི་སི་ལམ་ཕྱག་ཁང་དུ“ཁྱབ་གདལ་བཞིའི”བྱེད་སྒོ་དེ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ་རེད།
          ས་གནས་ས་ཐོག་ཏུ་ད་དུང་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་པེ་ཅིང་གི་དབྱི་སི་ལམ་ཕྱག་ཁང་ལ་སློབ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་དེ་བཞིན་པེ་ཅིང་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་། དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་གྲོས་འགོ་བཏོན་ནས་སྤེལ་བའི་དབྱི་སི་ལམ་ཕྱག་ཁང་དུ“ཁྱབ་གདལ་བཞིའི”བྱེད་སྒོ་སྤེལ་བར་ས་གནས་ཁག་གི་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་དང་ལེན་དང་སྤྲོ་སེམས་འཁོལ་བའི་རྒྱབ་སྐྱོར་ཐོབ་པ་དང་ཀན་སུའུ་དང་། མཚོ་སྔོན། ཉིང་ཞ། ཤིན་ཅང་སོགས་སུའང་དུས་མཚུངས་སུ་འབྲེལ་ཡོད་བྱེད་སྒོ་སྤེལ་ཡོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།