འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་
    སྒོར་དུང་ཕྱུར་2500ལས་ཚད་བརྒལ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། གསར་འགོད་པས་《2018ལོའི་ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཤ་དཀར་པོའི་དེབ་》(གཤམ་དུ“རྒྱབ་ཤ་དཀར་པོའི་དེབ”ཅེས་བསྡུ་རྒྱུ)ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོའི་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2550ཟིན་པ་དེ་2016ལོ་དང་བསྡུར་ན་20.4%འཕར་བ་དེའི་ནང་སྲུང་སྐར་ཕྱོགས་སྟོན་ལག་རྩལ་དང་ཐད་ཀར་འབྲེལ་བ་ཡོད་པའི་ལྷུ་ལག་དང་། རྩི་ཐབས། མཉེན་ཆས། ཕྱོགས་སྟོན་གྲངས་གཞི། མཐའ་སྣེའི་སྒྲིག་ཆས་སོགས་ཚུད་པའི་ཐོན་ལས་ཀྱི་ལྟེ་བའི་ཐོན་རྫས་རིན་ཐང་གིས་བསྡུར་ཚད་35.4%བཟུང་ནས་སྒོར་དུང་ཕྱུར་902ཟིན་པ་དང་བྱང་སྐར་སྤུན་བདུན་གྱིས་ཐོན་ལས་ལྟེ་བའི་ཐོན་རྫས་རིན་ཐང་ཐད་ལེགས་སྐྱེས་འབུལ་ཚད་80%ཟིན་ཡོད་པ་རེད།
          2017ལོ་ནི་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་དངོས་སུ་ཤར་གཏོང་བྱས་ནས་ལོ་5འཁོར་བ་དང་སྐབས་འཁེལ་ཡོད། ལོ་5ཡི་རིང་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་དེ་འགྲིམ་འགྲུལ་དང་། མཚོ་དོན། གློག་ཤུགས། དམངས་སྲིད། གནམ་གཤིས། ཉ་ལས། ཚད་འཇལ་རིས་འབྲི། གཏེར་ཁ། སྤྱི་བདེ། ཞིང་ལས། ནགས་ལས། རྒྱལ་ཁབ་ས་ཆ། ཆུ་བེད། དངུལ་རྩ། གྲོང་ཁྱེར་འཛུགས་སྐྲུན་གྱི་མདོང་དྲ་སོགས་ལས་རིགས་བཅུ་ལྷག་ཙམ་གྱི་ཁྱབ་ཁོངས་ནང་རྒྱ་ཁྱབ་ངང་སྤྱད་ཡོད་པ་དང་། རིགས་ཁག་གི་རང་རྒྱལ་ནས་ཐོན་པའི་བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་ཐོན་རྫས་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་ཚད་རིམ་རྩིས་བརྒྱབ་ན་ཁྲི་4000ལྷག་ཙམ་ཟིན་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་བཀོལ་སྤྱོད་གསར་སྤེལ་བྱས་པ་དང་སྦྲགས་རྒྱལ་ནང་གི་སྲུང་སྐར་ཕྱོགས་སྟོན་དང་བྱང་སྐར་སྤུན་བདུན་བེད་སྤྱོད་བྱེད་པའི་འབྲེལ་ཡོད་ཁྲོམ་རར་བཏོན་པའི་ཁེ་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུ་དང་ཐོན་ལས་འབྲེལ་ཐག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཏེ་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད། 2018ལོའི་ཟླ་བ་དང་པོ་བར་སྲུང་སྐར་ཕྱོགས་སྟོན་དང་བྱང་སྐར་སྤུན་བདུན་བཀོལ་སྤྱོད་ཀྱི་འབྲེལ་ཡོད་ཁྲོམ་རར་བཏོན་པའི་ཀུང་སིའི་བསྡོམས་འབོར་58ཟིན་ཡོད་པ་རེད། རྒྱལ་ནང་གི་སྲུང་སྐར་ཕྱོགས་སྟོན་སྒྲིག་ཆས་ཕྱིར་ཚོང་བྱེད་པའི་སྤྱིའི་གཞི་ཁྱོན་དེ་གོ་ལ་ཧྲིལ་པོའི་ཁྲོམ་ར་དང་བསྡུར་ན་བསྡུར་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་15%ཙམ་ཟིན་གྱི་ཡོད། མིག་སྔར་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་གྲངས་འབོར་14000ཙམ་དུ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་ལས་ཞུགས་མི་སྣའི་གྲངས་འབོར་ཁྲི་50ལྷག་ཙམ་ཟིན་ཡོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།