འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ཚད་གཞི་མཐོ་པོའི་ངང་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ། 

    རྨང་བརྟན་དམངས་ཕན་གྱི"སོ་དམག"དང་དབུལ་སྒྲོལ་འགག་སྒྲོལ་གྱི"གཙོ་ཤུགས་དམག"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2011ལོ་ཚུན་བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་ཁག་བདུན་གྱི་ཏང་ཡོན་ལས་བྱེད་པ་ཁྲི་15ལྷག་ཙམ་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5475ལ་འདེམས་གཏོང་བྱས་ནས་ཐབས་མང་མཉམ་དུ་སྤྱད་ནས་མཉམ་ཤུགས་གཅིག་ཏུ་སྒྲིལ་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
         གྲོང་སྡོད་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་དང་གྲོང་སྡོད་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་བྱས་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ཚུན་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པས་གྲོང་སྡོད་ལས་དོན་སྤེལ་རིང་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས)ཤང་དང་གྲོང་རྡལ(ཁྲོམ་གཞུང)བཅས་རིམ་བཞི་མཉམ་སྒུལ་བྱས་ནས་མང་ཚོགས་དབུལ་སྒྲོལ་ཐུབ་པ་བྱས་པ་རེད།
         དབུལ་སྒྲོལ་གྱི་གཙོ་གནད་ལས་དོན་ཡག་པོ་སྤེལ་ནས་མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ཚུན་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པས་གྲོང་སྡོད་ལས་དོན་གྱི་རྩེ་རིམ་ཇུས་འགོད་ལ་མཐོང་ཆེན་བྱས་ནས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ཐུབ་པ་བྱེད་པ་ནི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད་པ་རེད།
         རྒྱབ་སྐྱོར་དང་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་སྡོད་ཀྱི་དབུལ་སྒྲོལ་ལས་དོན་གཏིང་ཟབ་སྤེལ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་རྨང་བརྟན་དམངས་ཕན་ལས་དོན་གྱི་འགྲོ་གྲོན་བསྡུ་སྒྲིལ་དང་བེད་སྤྱོད་ཧུར་ཐག་བཏང་བ་དང“རྫོང་དང་ཆུས་ཀྱི་འཆར་འགོད་མཛུབ་ཁྲིད་དང་། ཤང་དང་གྲོང་རྡལ་གྱི་སྤྱི་འདོམས་བསྡུ་སྒྲིལ། གྲོང་ཚོ་དང་གྲོང་ལྷན་བཀོད་སྒྲིག་དང་བེད་སྤྱོད”བཅས་ཀྱི་རྩ་དོན་དང་ཞན་ཆ་གསབ་པའི་བླང་བྱ་མཐའ་འཁྱོངས་ཀྱིས་ཤང་དང་གྲོང་རྡལ་གཞི་རྩའི་ཚན་པར་བྱས་ནས་གཙོ་བོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་དངོས་གཞིའི་ཐོན་ལས་རྣམ་གྲངས་ཐད་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུར་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་ལས་ཀའི་འགྲོ་གྲོན་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་གྲོང་སྡོད་ལས་དོན་རུ་མིར་མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་འགན་བཅོལ་ལས་སྒོ་གཉེར་བ་དང་མངགས་གཏོང་ཚན་པ་ཁག་གིས་མངགས་གཏོང་གོང་གི་གཟུགས་པོ་བརྟག་དཔྱད་དང་དུས་ངེས་གཏན་གྱི་ལས་རེས་བྱས་ནས་གྲོང་སྡོད་ལས་དོན་རུ་མི་བདེ་ཐང་ངང་གྲོང་སྡོད་དང་། བློ་བདེའི་ངང་གྲོང་སྡོད། དུས་བདེའི་ངང་གྲོང་སྡོད་བཅས་བྱ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།
         དོ་དམ་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་གྲོང་སྡོད་ཀྱི་དབུལ་སྒྲོལ་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་བྱས་པ། ལས་བྱེད་པ་གྲོང་སྡོད་བྱེད་རིང་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རྒྱུན་གཏན་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་རྒྱུན་གཏན་གྱི་དོ་དམ་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་སྡོད་ལས་དོན་རུ་མི་སེམས་གནས་པ་དང་ལུས་ཚུགས་པ་དང་བློ་གཅིག་སེམས་གཅིག་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ནང་ཞུགས་རྒྱུའི་འགན་ལེན་བྱས་ཡོད་པ་རེད། སྐོར་སྐྱོད་ཞིབ་བཤེར་ལས་དོན་གཏིང་ཟབ་སྤེལ་ཏེ་དུས་རྒྱུན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལོ་མཇུག་གི་རྟོག་ཞིབ་ཟུང་འབྲེལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས་བཅས་སོ་སོར་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་བྱེད་པ་གྲོང་སྡོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གྲོང་སྡོད་ལས་དོན་རུ་ཁག མངགས་གཏོང་ཚན་པ་བཅས་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་དཔྱད་ཞིབ་སྐུལ་གཏོང་བྱ་ཐབས་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གྲོང་སྡོད་ལས་བྱེད་པའི་ཧུར་བརྩོན་རང་བཞིན་འཕེལ་བ་བྱས་ཡོད་པ་རེད།
         བྱ་ཐབས་གསར་གཏོད་བྱས་ནས་དབུལ་སྐྱོར་ལས་དོན་སྤེལ་ཏེ་གྲོང་སྡོད་ཀྱི་དབུལ་སྐྱོར་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་པ། བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པས་གྲོང་སྡོད་ལས་དོན་སྤེལ་རིང་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུ་སོགས་གོ་སྐབས་སུ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་སློང་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱས་པ་རེད། ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་འཚམས་འདྲི་བྱེད་པ་དང་། བདེ་སྡུག་འདྲི་བ། བཞུགས་མོལ་སྤེལ་རེས། བསམ་འཆར་ཉན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཆ་སྒྲིག་དུད་ཚང་གི་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་རེ་སྒུག་བྱེད་ས་ཤེས་རྟོགས་དང་ཐག་གཅོད་བྱས་ནས་མིག་སྔའི་བར་ཏང་ཡོན་ལས་བྱེད་པ་དང་དུད་ཚང་དབུལ་པོའི་དབར་དུད་ཚང་ཁྲི་14ལྷག་ཙམ་གྱི་མི་ཐེངས་ཁྲི་57དང“ཆ་སྒྲིག”བྱས་པ་དང་། དུད་ཚང་འགན་གཙང་བླངས་པ་དང་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་དོན་ནན་ཏན་ངང་སྤེལ་ཏེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་མི་ཧྲུའུ་ཅི་དང་པོས་དུད་ཚང་འགན་གཙང་བླངས་པ་དང་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་ཀའི་ལམ་སྲོལ་བཟོས་ཏེ་མངགས་གཏོང་ཚན་པར་དུད་ཚང་འགན་གཙང་བླངས་པ་དང་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་མ་དངུལ་དང་། དངོས་ཟོག རྣམ་གྲངས། ཆ་འཕྲིན་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱ་རྒྱུར་ཁྲིད་སྟོན་བྱས་ནས་དཀའ་སྤྱད་ངལ་རྩོལ་དང་ཁྲིམས་སྲུང་གཉེར་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱས་པ་དང་མིག་སྔའི་བར་བོད་ཀྱིས་ཁྱོན་དུད་ཚང་ཁྲི་29ལྷག་ཙམ་གྱི་མི་ཁྲི་117ལྷག་ཙམ་འགན་གཙང་བླངས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དམིགས་ནས་ཚང་མ་རོགས་སྐྱོར་གྱི་བྱེད་པོར་གྱུར་པ་བྱས་ཡོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།