འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཨར་ལས་བཟོ་པའི་མིང་ངོ་མ་འགོད་པའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་
    ཁྱབ་གདལ་གཏོང་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུས་《ཨར་ལས་བཟོ་པའི་མིང་ངོ་མ་འགོད་པའི་དོ་དམ་ལམ་ལུགས་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཡོངས་སུ་བསམ་འཆར་བསྡུ་ལེན་བྱས་ཡོད་པ་རེད། ཨར་ལས་བཟོ་པའི་མིང་ངོ་མ་འགོད་པའི་དོ་དམ་ལམ་ལུགས་བྱ་རྒྱུ་དེ་རང་རྒྱལ་དུ་ཁྱབ་གདལ་ཐུབ་རེ་ཡོད་པ་རེད།
         བསམ་འཆར་བསྡུ་ལེན་མ་ཟིན་གྱི་བླང་བྱ་གཞིར་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་ཨར་སྐྲུན་བྱེད་མཁན་ཨར་ལས་བཟོ་པ་ཚང་མར་བྱ་ཐབས་དེ་སྤྱད་ན་འཚམ་པོ་ཡོད་པ་རེད། ཨར་ལས་བྱ་ཡུལ་གྱི་ཨར་ལས་བཟོ་པ་གཞི་རྩའི་བདེ་འཇགས་གསོ་སྦྱོང་ནང་ཞུགས་དགོས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་ཨར་ལས་བཟོ་པའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་ཐོག་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་རེད།
         བསམ་འཆར་བསྡུ་ལེན་གྱི་མ་ཟིན་གཞིར་བཟུང་། ཨར་ལས་བཟོ་པའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་མ་ལག་དེ་རྒྱལ་ཡོངས་ཀྱི་ལས་སྟེགས་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ལས་སྟེགས། ཨར་ལས་ཁེ་ལས་ཀྱི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཆ་འཕྲིན་མ་ལག་དང་ཨར་ལས་བཟོ་པ་མི་སྒེར་གྱི་དུད་སྣེ་སོགས་ལས་གྲུབ་ཡོད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་ཨར་ལས་བཟོ་པའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཆ་འཕྲིན་མ་ལག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིའི་རྣམ་གཞག་དང་མཐུད་ཁའི་ཚད་གཞིར་གཞིཌ་དགོས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཚོད་ངོ་མའི་གྲངས་གཞི་མཉམ་སྤྱོད་ཐུབ་པ་བྱེད་དགོས།
         བསམ་འཆར་བསྡུ་ལེན་གྱི་མ་ཟིན་ནང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་བཙུགས་པའི་ཨར་ལས་བཟོ་པའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་ནང་ཨར་ལས་བཟོ་པའི་གཞི་རྩའི་ཆ་འཕྲིན་དང་། ལས་ཞུགས་ཟིན་ཐོ། ལས་རིགས་རྩལ་ནུས་གསོ་སྦྱོང་དང་དེ་བཞིན་གསལ་འབྱེད་དོ་དམ་དང་། ཨར་ལས་བཟོ་པའི་འགྱུར་ལྡོག་གནས་ཚུལ་ལྟ་སྐུལ་ཚོད་འཛིན། ཐེར་འདོན་ཐག་གཅོད། ཚུལ་མིན་བྱེད་སྤྱོད་ཀྱི་ཟིན་ཐོ། ཡིད་རྟོན་གདེང་འཇོག བསྡོམས་རྩིས་དབྱེ་ཞིབ་སོགས་ཐད་ཀྱི་ཆ་འཕྲིན་ཚུད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          དེ་དང་ཆབས་ཅིག་《རྒྱལ་ཡོངས་ཀྱི་ཨར་ལས་བཟོ་པའི་དོ་དམ་ཞབས་ཞུའི་ལས་སྟེགས་གྲངས་གཞིའི་ཚད་གཞིས(བསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་སུ་སྤྱི་ཚོགས་ཐོག་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཨར་ལས་བཟོ་པའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་གྲངས་གཞིའི་ཚད་གཞི་བཟོ་བའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་ཨར་ལས་བཟོ་པའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་ཨར་ལས་བཟོ་པའི་མིང་ངོ་མ་འགོད་པའི་གྲངས་གཞིའི་ཚད་གཞི་གཅིག་གྱུར་ཡོང་བ་བྱས་ཏེ་རྒྱལ་ཡོངས་ཀྱི་ལྟ་སྡོམ་དང་ཡིད་རྟོན་ཆ་འཕྲིན་གྱི་གྲངས་གཞི་མཉམ་འབྲེལ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།