འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལོར་སྐྱེ་དངོས་འགོག་བཅོས་ལག་རྩལ་ཁྱབ་གདལ་གྱི་གཞི་ཁྱོན་མུའུ་དུང་ཕྱུར་4ནས་5བར་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་། ཀྲུང་གོ་རྩི་ཤིང་སྲུང་སྐྱོང་རིག་གཞུང་ལྷན་ཚོགས། རྒྱལ་སྤྱིའི་སྐྱེ་དངོས་འགོག་བཅོས་རྩ་འཛུགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩི་ཤིང་སྲུང་སྐྱོང་ཞིབ་འཇུག་སུའོ་དང་། རྩི་ཤིང་ནད་འབུའི་གནོད་འཚེའི་སྐྱེ་དངོས་རིག་པའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་། སྐྱེ་དངོས་ཞིང་སྨན་དང་སྐྱེ་དངོས་འགོག་བཅོས་ཐོན་ལས་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ་བཅས་ཀྱིས་སྒྲུབ་འགན་འཁུར་བའི“སྐབས་དང་པོའི་རྒྱལ་སྤྱིའི་སྐྱེ་དངོས་འགོག་བཅོས་ཚོགས་ཆེན”ཚེས་14ཉིན་པེ་ཅིང་དུ་འཚོགས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་40ལྷག་ཙམ་གྱི་སྐྱེ་དངོས་འགོག་བཅོས་ཁྱབ་ཁོངས་ཀྱི་ཚན་རིག་མཁས་ཅན་800ལྷག་ཙམ་ཚོགས་ཆེན་ལ་ཞུགས་པ་རེད།
         སྐབས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“སྐྱེ་དངོས་འགོག་བཅོས་དང་མིའི་རིགས་ཀྱི་བདེ་ཐང”ཞེས་པ་དེ་ཡིན་ཞིང་། ད་ལྟ་ལྗང་མདོག་འཕེལ་རྒྱས་དང་། སྣོད་བཅུད་སྲུང་སྐྱོང་། བདེ་ཐང་འཚོ་བ་བཅས་གོ་ལ་ཧྲིལ་པོའི་བརྗོད་དོན་གཙོ་བོར་གྱུར་པ་དང་འབྲེལ་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྣོད་བཅུད་འཛུགས་སྐྱོང་དང་ཞིང་ལས་ཐོན་སྐྱེད་ཁྲོད་སྐྱེ་དངོས་འགོག་བཅོས་དེ་རྒྱལ་སྤྱིའི་ཐོག་ཀུན་གྱི་ཁས་ལེན་ཐོབ་པའི་ཞིང་ལས་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་དང་པོར་གྱུར་ཡོད་པ་རེད། སྐྱེ་དངོས་འགོག་བཅོས་ཞིབ་འཇུག་དང་བེད་སྤྱོད་ཐད་རྒྱལ་སྤྱིའི་ཞིང་ལས་ཚན་རྩལ་དང་ཐོན་ལས་ཁྱབ་ཁོངས་ཀྱི་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ནི་ཀྲུང་གོས་རྒྱལ་སྤྱིའི་སྐྱེ་དངོས་འགོག་བཅོས་རྩ་འཛུགས་དང་མཉམ་དུ་འཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་སྐྱེ་དངོས་འགོག་བཅོས་རྩ་འཛུགས་དང་རྒྱལ་སྤྱིའི་ལས་རིགས་གཅིག་པ་གཞན་དག་གིས་ཀྲུང་གོའི་སྐྱེ་དངོས་འགོག་བཅོས་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་བྱས་པ་མངོན་པ་དང་རང་རྒྱལ་ཞིང་ལས་ཀྱི་ལྗང་མདོག་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
         ཞིང་ལས་དང་གྲོང་གསེབ་པུའི་ཏང་རྩ་འཛུགས་ཀྱི་ཁོངས་མི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཧྲི་ཐང་ཧྭ་ཅུན་གྱིས་དགའ་བསུའི་ཤིས་ཚིག་སྒྲོན་པ་དང་ཀྲུང་གོ་ཚན་རིག་མཐུན་ཚོགས་རྒྱལ་སྤྱིའི་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཝང་ཆིང་ལིན་དང་། རྒྱལ་སྤྱིའི་སྐྱེ་དངོས་འགོག་བཅོས་རྩ་འཛུགས(IOBC)ཀྱི་ཀྲུའུ་ཞི་HEIMPEL Georgeཀྱིས་སྔ་རྗེས་སུ་ཤིས་ཚིག་སྒྲོན་པ་རེད། གོ་ལ་ཧྲིལ་པོའི་གྲགས་ཅན་རིགས་གཅིག་མཁས་ཅན་12ཀྱིས་ཚོགས་ཆེན་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་མ་ཟད་ཆེད་དོན་15ལ་དབྱེ་སྟེ་རིག་གཞུང་སྙན་ཞུ་ཐེངས་160ལྷག་ཙམ་སྤེལ་བ་རེད། འགོ་ཚུགས་མཛད་སྒོ་དེ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཡོན་ཧྲི་ཝུའུ་ཁུང་མིང་གིས་གཙོ་སྐྱོང་གནང་བ་རེད།
        ཐང་ཧྭ་ཅུན་གྱིས་ཤིས་ཚིག་ནང་ཀྲུང་གོ་སྲིད་གཞུང་གིས་ཞིང་ལས་ཐོན་སྐྱེད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ངེས་པར་དུ་མཐའ་འཁྱོངས་ཀྱིས་མ་གནས་གྲོན་ཆུང་ངང་ནུས་པ་ཆེ་རུ་གཏོང་བ་དང་། སྤུས་ལེགས་བདེ་འཇགས། ལྗང་མདོག་འཕེལ་རྒྱས་བཅས་གཙོ་གནད་དུ་བྱས་ཏེ་ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས་དང་བཀོད་ཇུས་ལེགས་སྒྲིག་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གནོད་འཚེའི་སྐྱེ་དངོས་ཀྱི་ལྗང་མདོག་ཚོད་འཛིན་བྱེད་ཚད་40%ཡན་མཐོ་རུ་གཏོང་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། ཀྲུང་གོར་ད་ལྟ་སྐྱེ་དངོས་ཞིང་སྨན་ཐོན་སྐྱེད་ཁེ་ལས་260ལྷག་ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་ཞིང་སྨན་ཐོན་སྐྱེད་ཁེ་ལས་ཀྱི་10%ཟིན་གྱི་ཡོད་པ་དང་སྐྱེ་དངོས་ཞིང་སྨན་གྱི་ལོའི་ཐོན་ཚད་ཏུན་ཁྲི་13ཙམ་བཟུང་གི་ཡོད་པ་དང་ལོར་སྐྱེ་དངོས་འགོག་བཅོས་ལག་རྩལ་ཁྱབ་གདལ་གྱི་གཞི་ཁྱོན་མུའུ་དུང་ཕྱུར་4ནས་5བར་ཟིན་ཡོད་པ་རེད། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་དང་ཨ་བྲའི་གནོད་འཚེའི་ལྗང་མདོག་ཚོད་འཛིན་ལག་རྩལ་དེ་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལག་རྩལ་གྱི་ཚད་བརྒལ་གྲས་ཤིག་ཏུ་གྱུར་ཡོད། སྐྱེ་དངོས་འགོག་བཅོས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་གོ་ལ་ཧྲིལ་པོའི་རྩི་ཤིང་གི་ནད་འགོག་སྤྲི་དཀར་སྐྱེ་དངོས་ཞིང་སྨན་ཐོག་མ་ཨ་ཐའེ་ལིང་བཟོས་པ་དང་ལོ་གཅིག་ལ་ཏུན་800ཟིན་པའི་སྤྲི་དཀར་ཞིང་སྨན་ཐོན་སྐྱེད་འཁོར་ཁང་བཟོས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་མངོན་གསལ་དོད་པོ་ཐོབ་པ་དང་རང་རྒྱལ་ཞིང་ལས་ཀྱི་ལྗང་མདོག་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།