འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི
    “ཁྱིམ་ཚང་ཡག་ཤོས”1000ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  ཟླ་5ཚེས་14ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”1000ཡོངས་བསྒྲགས་བྱས་པ་རེད།
         བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”1000ནི་མང་ཚོགས་ཀྱིས་དཔྱད་འདེམས་བྱས་པའི“ཡག་ཤོས”ཤ་སྟག་རེད། ཁྱིམ་ཚང་དེ་དག་གིས“མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་བསྐྱོད་དེ”དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་དང་ཁྱིམ་ཚང་དེ་བས་མང་བས་མཁས་མཛངས་རྗེས་འབྲངས་ཀྱིས“ཡག་ཤོས”བརྩོན་ལེན་བྱ་རྒྱུར་སྣེ་ཁྲིད་བྱས་ཡོད།
         “ཁྱིམ་ཚང་འཛུགས་སྐྱོང་ཡག་པོ་བྱེད་པ་དང་ཁྱིམ་སྲོལ་དར་སྤེལ་ཡག་པོ་བཏང་ནས་ཁྱིམ་སྲོལ་བཟང་པོར་བརྟེན་ཏེ་སྤྱི་ཚོགས་ཧྲིལ་པོའི་གོམས་སྲོལ་བཟང་པོར་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་དགོས”ཞེས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་སུང་ཤིའུ་ཡན་གྱིས་ཚེས་14ཉིན་འཚོགས་པའི་2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཡོངས་བསྒྲགས་ཀྱི་ཆེད་དོན་ལེ་ཚན་ཐོག་བརྗོད། ཁོང་གིས“ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོར་འགོག་རྐྱེན་མི་བཟོ་བ་དང་ཚད་གཞི་གཏན་འཁེལ་མི་བྱེད་པར“འཚོལ་བའི”རང་འགུལ་དབང་ཆ་དང“ཡག་ཤོས”ཀྱི་ཐག་གཅོད་བྱེད་དབང་མང་ཚོགས་ལ་སྤྲོད་པ་དེའི་དམིགས་ཡུལ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ལེགས་ཆ་དང་ལས་དོན་གྱི་ལེགས་ཆ་སྤྱད་དེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་གི་ཁོངས་མི་རང་འགུལ་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་བྱེད་སྒོའི་ཁྲོད་ཀུན་སྤྱོད་སློབ་གསོ་དང་ལེན་བྱེད་པ་དང་བཟང་བཀུར་དགེ་སྒྲུབ་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ནས་ཁྱིམ་ཚང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱ་རྒྱུ་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2014ལོར“ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་རེད། བྱེད་སྒོ་སྤེལ་ནས་ལོ་ལྔ་སོང་རིང་བྱེད་སྒོ་དེས་རྒྱལ་ཡོངས་ཀྱི“བུད་མེད་ཀྱི་ཁྱིམ་ཚང”ཁྲི་70ལྷག་ཙམ་གཞི་བརྟེན་དུ་བྱས་ཏེ་དྲིལ་བསྒྲགས་ཡིག་སྒྲོམ་འཛུགས་པ་དང་གཟི་བརྗིད་མིང་བྱང་བཙུགས་པ་བརྒྱུད་ཁྱིམ་ཚང་གི་གཏམ་རྒྱུད་ཚོགས་འདུ་དང་། ཁྱིམ་སྲོལ་གྱི་སྤེལ་རེས་ཚོགས་འདུ། ཁྱིམ་ཚང་གི་སྒྲིག་སྲོལ་དང་ཁྱིམ་ཚང་གསོ་སྦྱོང་གི་དཔྱད་མོལ་ཚོགས་འདུ་སོགས་སྒྲིག་འཛུགས་ཀྱིས་རྒྱ་ཆེའི་ཁྱིམ་ཚང་དེའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ཡོད། མིག་སྔར་རྒྱལ་ཡོངས་ཀྱིས་རིགས་ཁག་གི“ཁྱིམ་ཚང་ཡག་ཤོས”ཁྲི་314.5ལྷག་ཙམ་བཙལ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་སྒོའི་ཁྱབ་རྒྱ་ཆེ་རུ་དང་མང་ཚོགས་ཞུགས་ཚད་མཐོ་རུ་གཏོང་བ་དང་། བྱེད་སྒོའི་བརྒྱུད་རིམ་གྱི་སློབ་གསོའི་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་པ། བྱེད་སྒོའི་སྤུས་རྟགས་གཏོད་པ་སོགས་ཐད་ཤུགས་རྒྱག་རྒྱུ་ཡིན་པ་རེད། སུང་ཤིའུ་ཡན་གྱིས། “ཁྱིམ་ཚང་ཡག་ཤོས”འཚོལ་བའི་བྱེད་སྒོ་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤུས་རྟགས་ཀྱི་བྱེད་སྒོའི་གྲས་ཤིག་ལ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཡག་པོ་སྤེལ་ཏེ་དེས་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་བྱེད་དགོས་ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།