འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཡིས་དགེ་རྒན་གྱི་ཀུན་སྤྱོད་བཀག་རྒྱ་གསལ་ཐོའི་ལམ་ལུགས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། གསར་འགོད་པར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིང་ཞ་ཡིས་2018ལོ་ཧྲིལ་པོའི“དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལོའི”བྱེད་སྒོ་སྤེལ་ནས་དགེ་རྒན་གྱི་ཀུན་སྤྱོད་ལ་དཔྱད་ཞིབ་བྱས་པའི་འབྲས་བུ་དགེ་རྒན་སྒེར་གྱི་ཀུན་སྤྱོད་ཡིག་ཚགས་དང་། དགེ་རྒན་གྱི་ལས་རྗེས་དཔྱད་ཞིབ། བྱ་གཞག་ཚན་པའི་ལས་དོན་པའི་ལོ་འཁོར་གྱི་དཔྱད་ཞིབ་དང་ཁ་དན་ཚིག་གནས་ཀྱི་མ་ལག་ནང་བཅུག་ནས་དགེ་རྒན་གྱི་ཐོབ་ཐང་དུས་བཀག་ཐོ་འགོད་དང་། གོ་མིང་སྤྲོད་པ་དང་གདན་ཞུ། སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་དང་དགེ་རྒན་གྱི་ཀུན་སྤྱོད་གནད་དོན་ཐད“སྤ་སེ་གཅིག་གིས་ཕྲུ་སློག་པའི”བྱ་ཐབས་སྤྱོད་རྒྱུ་རེད།
          ཉིང་ཞ་ཡིས་《ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཀུན་སྤྱོད་བཀག་རྒྱ་ལ་དཔྱད་ཞིབ་བྱེད་པའི་གསལ་ཐོ་》དང་《དགེ་རྒན་སྒེར་གྱི་ཡིད་རྟོན་འཛུགས་སྐྱོང་གི་མཛུབ་ཁྲིད་བསམ་འཆར་》སོགས་ཀྱི་ལམ་ལུགས་བཏོན་ནས་དགེ་རྒན་གྱི་བྱ་སྤྱོད་ཚད་ལྡན་ཡོང་བ་དང་དགེ་རྒན་གྱི་ཀུན་སྤྱོད་དམར་ཐིག་གསལ་འབྱེད་བྱས་ཏེ། དགེ་རྒན་དཔུང་ཁག་གི་ཁ་དན་ཚིག་གནས་ཀྱི་དོ་དམ་ལམ་སྲོལ་དང་དགེ་རྒན་སྒེར་གྱི་ཡིད་རྟོན་ལམ་ལུགས་འཛུགས་རྒྱུར་སྐུལ་མ་བཏང་ནས་ཆ་འཕྲིན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་དགེ་རྒན་སྒེར་གྱི་ཡིད་རྟོན་ཡིག་ཚགས་བཟོ་བ་དང་སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་དགེ་རྒན་གྱི་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་དང་སློབ་དཔྱོད་ཚན་ཞིབ་ཀྱི་རིག་གཞུང་ཞིབ་འཇུག་གི་ཚུལ་མིན་བྱེད་སྤྱོད་གཙོ་གནད་ཐོག་ཐོ་འགོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།