འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་མི་འགའ་ཤས་ཀྱིས་ཀྲུང་གོ་དང་ཨ་རིའི་དབར
    “ཤེལ་གྱང”བཟོས་པར་ངེས་པར་དུ་དོགས་ཟོན་བྱེད་དགོས་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཝ་ཧྲིང་ཐོན་དུ་བྱེད་སྒོར་ཞུགས་སྐབས་ཨ་རི་བ་འགའ་ཤས་ཀྱིས་ཀྲུང་གོ་དང་ཨ་རིའི་དབར“ཤེལ་གྱང”བཟོས་ནས་ཀྲུང་གོ་དང་ཨ་རིའི་དབར་གྱི་རྒྱུན་གཏན་གྱི་སྤེལ་རེས་མཉམ་ལས་ལ་འགོག་རྐྱེན་བཟོ་རྩིས་བྱས་པས་དོགས་ཟོན་བྱེད་དགོས་ངེས་རེད་ཅེས་གསུངས།
         ཚུའེ་ཐེན་ཁའེ་ཨ་རིའི་ཇུས་འདོན་ཚོགས་པའི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱིས་སྤེལ་བའི“ཀྲུང་ཨའི་འབྲེལ་བའི་ལོ་40”ཡི་བགྲོ་གླེང་ཚོགས་འདུར་ཞུགས་སྐབས། གལ་ཏེ་རྒྱལ་ཁབ་གཅིག་གི་ཕྱི་འབྲེལ་སྲིད་ཇུས་དགྲར་འཛིན་པ་དང་། འཇིགས་སྣང་རུང་བ་དང་། ཐེ་ཚོམ་གཙོ་ཁྲིད་དུ་བྱས་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད་ཅེས་གསུངས། ཚུའེ་ཐེན་ཁའེ་ཡིས་དོགས་ཟོན་བྱེད་དགོས་པ་ཞིག་ནི་ཨ་རིའི་མི་འགའ་ཤས་ཀྱིས་ཀྲུང་གོ་དང་ཨ་རིའི་དབར“ཤེལ་གྱང”བཟོས་ནས་ཀྲུང་གོ་དང་ཨ་རིའི་རྒྱུན་གཏན་གྱི་དཔལ་འབྱོར་དང་། ཚན་རྩལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་ལས་ལ་འགོག་རྐྱེན་བཟོ་རྩིས་བྱེད་པ་དང་ཐ་ན་ཨ་རིར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་ཕྱི་སྦྱོང་སློབ་མ་དང་མཁས་དབང་ཚོར་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས།
         ཚུའེ་ཐེན་ཁའེ་ཡིས། ཕྱི་ལོ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་བསུ་བ་ཞུ་རྒྱུ་རེད། ལོ་40ཡི་གོང་ཀྲུང་གོ་དང་ཨ་རིས་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ལ་བརྟེན་ནས་མཉམ་དུ་སྐྱོད་ཡོད། དེ་ནས་བཟུང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དང་འཛམ་གླིང་བཅས་ཚང་མར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པས་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཁྱབ་ཁོངས་དང་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།