འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ནེའུ་ཙི་ལན་གྱི་ཙུང་ལིས་ནེའུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་ལས་རྒྱལ་ཁབ་
    གཉིས་པོར་ཕན་པ་ཐོབ་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ནེའུ་ཙི་ལན་གྱི་ཙུང་ལི་ཅེ་ཤིན་ཟླ·ཨ་ཏེ་ཨེན་གྱིས་ཉེ་དུས་ཨའོ་ཁེ་ལན་དུ་ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཤིས་དང་མཇལ་འཛོམས་གནང་སྐབས་ནེའུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་ལས་རྒྱལ་ཁབ་གཉིས་པོར་ཕན་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཨ་ཏེ་ཨེན་གྱིས་ནེའུ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་དང་། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། ལྷག་པར་དུ་ནེའུ་ཀྲུང་རྒྱལ་ཁབ་གཉིས་པོས་མིང་རྟགས་བཀོད་པའི་རང་མོས་ཚོང་དོན་གྱི་གྲོས་ཆོད་ལས་རྒྱལ་ཁབ་གཉིས་པོར་ཁེ་ཕན་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།
         ཨ་ཏེ་ཨེན་གྱིས“རང་ཉིད་དང་ནེའུ་ཙི་ལན་སྲིད་གཞུང་གིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ནེའུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།
         ཝུའུ་ཤིས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་མུ་མཐུད་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཁེ། མཉམ་ལས་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།