འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་མའེ་ཧྲན་གྱི“ས་ཡོམ་རྒྱག་སྐབས་སྐྱེས་པའི་ཕྲུ་གུ”ཁྲེན་ཤིན་ཝུན་འཚར་ལོངས་
    བྱུང་འདུག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2008ལོའི་ཟླ་5ཚེས་12ཉིན་གྱི་ཕྱི་དྲོར་མའེ་ཧྲན་གྲོང་ཁྱེར་ཁྲེན་དབྱིན་གྲོང་ཚོའི་ཞིང་པ་ཁྲེན་ཆི་ཕིང་གི་བཟའ་ཟླ་ལི་ལིན་ལ་དབུན་ཁྲོན་ས་ཡོམ་ཆེན་པོ་བརྒྱབ་རྗེས་ཀྱི་ཆུ་ཚོད་གཉིས་ཙམ་གྱི་རྗེས་སུ་བུ་མོ་ཞིག་བཙས་པ་རེད། མའེ་ཧྲན་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྐྱེ་གཡོག་བྱས་པའི“ས་ཡོམ་རྒྱག་སྐབས་སྐྱེས་པའི་ཕྲུ་གུ”དང་པོ་ཡིན་པས་བུ་མོ་དེ་ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་གྱིས་གནས་ཚུལ་གཏོང་སྤེལ་བྱས་པའི“གསར་འགྱུར་མི་སྣར”གྱུར།
          ལོ་བཅུའི་རིང་། ཚང་མའི་ཐུགས་ཁུར་ལ་བརྟེན་ནས་ཁྲེན་ཤིན་ཝུན་འཚོ་བ་སྐྱིད་ལ་བདེ་ཐང་ངང་འཚར་ལོངས་བྱུང་ཡོད། ད་ཆ་ཁོང་ནི་ཏུང་ཕོ་ཆུས་ལན་ཐེན་སློབ་གྲྭའི་ལོ་རིམ་བཞི་པའི་སློབ་མ་ཡིན་ལ་འཛིན་གྲྭའི་ལས་བྱེད་ཀྱི་འགན་ཡང་ཁུར་གྱི་ཡོད། བློ་བག་ཡངས་བ་དང་སློབ་སྦྱོང་གི་སྦྱངས་འབྲས་བཟང་བར་བརྟེན་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།