འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མེའོ་རིགས་གྲོང་སྡེས་ཁང་པ་གསར་པ་བརྒྱབ། དུད་ཚང་གཅིག་ལ་ཚང་མས་རོགས་རམ་བྱེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཨུའུ་དབྱིང་མེའོ་རིགས་གྲོང་སྡེ་དེ་ཀུའེ་ཀྲོའུ་དང་ཀོང་ཤིས་ས་མཚམས་ཀྱི་མེའོ་ཧྲན་ཆེ་མོའི་གསེབ་ཏུ་གནས་པ་དང་དུད་ཚང་140ཚང་མ་གནའ་བོའི་མེའོ་རིགས་ཀྱི་ཀ་སྟེང་ཐོག་ཁང་ནང་སྡོད་ཀྱི་ཡོད་པ་དང་། ཀ་སྟེང་ཐོག་ཁང་དེ་དག་ལ་ལོ་ངོ་བཅུ་ཕྲག་འགའ་ཤས་སམ་ཐ་ན་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ཀོང་ཤིས་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་འཆར་གཞི་ལག་བསྟར་བྱས་པ་དང་ཆབས་ཅིག་གྲོང་མི་མང་པོ་ཞིག་གིས་ཀ་སྟེང་ཐོག་ཁང་གསར་པ་རྒྱག་འགོ་ཚུགས་ཡོད། 2016ལོར་ཨུའུ་དབྱིང་མེའོ་རིགས་གྲོང་སྡེར་ཁང་པ་གསར་པ་རྒྱག་མཁན་དུད་ཚང་གཉིས་ལས་མེད་པ་དང་2017ལོར་དུད་ཚང་4མང་དུ་ཕྱིན་པ་དང་། འདི་ལོ་དུད་ཚང་10ཡིས་ཁང་པ་གསར་པ་རྒྱག་བཞིན་ཡོད་པའམ་ཡང་ན་རྒྱག་རྩིས་ཡོད་་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།