འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གཞི་རིམ་དུ་ཞབས་འདེགས་ཞུ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྷ་ཉིང་ལྕགས་ལམ་རྟ་སྒ་ལའི་ཕུག་ལམ་གྱི་ལས་ཡུལ་དུ“ཚོགས་ཆེན་བཅུ་དགུ་པ་སློབ་སྦྱོང་དང་ལག་བསྟར·གཞི་རིམ་དུ་བཟོ་ཚོགས་ཀྱི་ཞབས་འདེགས་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལས་བཟོར་ཞབས་འདེགས་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པས“བཅའ་ཁྲིམས་སློབ་ཁང”གི་རྣམ་པའི་ཐོག་ནས་ལས་བཟོ་དང་སྤེལ་རེས་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་པས་ལས་བཟོ་ཚོར་འོས་འགན་སྨན་བཅོས་བྱས་པ་དང་འབྲེལ། སྨན་རྫས་ཀྱང་སྤྲད་པ་རེད། རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་དང་སྣང་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།