འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་
    པ་དང་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
           མི་དམངས་དྲ་བའི་འཕྲིན། གཞུང་ཁོངས་རྒྱུ་ནོར་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་ནས་མི་དམངས་འཐུས་ཚོགས་དང་སྤྱི་ཚོགས་ཡོངས་ཀྱིས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞུང་ཁོངས་རྒྱུ་ནོར་གྱིས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་མི་དམངས་ལ་ཕན་བདེ་སྐྲུན་རྒྱུ་རེད། ལམ་ལུགས་དེ་བཙུགས་པ་དེ་ནི་ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་འགན་ནུས་ཤུགས་ཆེར་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་རེད།
         བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་ཆེད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྔོན་རྩིས་ལས་དོན་ཨུ་ལྷན། ནོར་སྲིད་པུའུ་བཅས་ཀྱིས་ཚེས་7དང་ཚེས་8ཉིན་ཧོ་པེ་ཧྲེ་ཅ་ཀྲོང་དུ་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་སྐོར་གྱི་ལམ་ལུགས་འཛུགས་རྒྱུའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཉམས་མྱོང་སྤེལ་རེས་དང་ལས་དོན་བཀོད་སྒྲིག་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་གནས་ཚུལ་སྐོར་གྱི་ལས་ཀར་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་སྙན་སེང་ཞུས་པ་དང་གཞུང་ཁོངས་རྒྱུ་ནོར་གྱི་གཞི་ཁྱོན་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད། ནོར་སྲིད་པུའི་བསྡོམས་རྩིས་ལས་མངོན་པར། 2016ལོའི་ལོ་མཇུག་བར་དཔལ་འབྱོར་རིན་ཐང་གི་ཚད་འཇལ་ཆོག་པའི་གཞུང་ཁོངས་ཀྱི་རྒྱུ་ནོར་ཁེ་གཙང་སྒོར་དུང་ཕྱུར་ཁྲི་84ཙམ་ཟིན་ཡོད།
          “གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་སྙན་སེང་ཞུ་བའི་ལམ་སྲོལ་འཛུགས་པ་དང་ལག་བསྟར་བྱ་རྒྱུ་དེས་རིགས་ཁག་གི་གཞུང་ཁོངས་རྒྱུ་ནོར་ཁག་གི་དོ་དམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བར་ཕན་ཐོགས་ཡོད་པ་དང་། མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱ་རྒྱུ་དེ་ཀུན་བསྒྲགས་འོག་འཁོར་རྒྱུག་བྱ་རྒྱུར་ཕན་ཐོགས་ཡོད་པ་བཅས་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཞུས་ཧྲའོ་ཧྲེས་བརྗོད་པ་རེད།
         “གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་གཞུང་ཁོངས་རྒྱུ་ནོར་གྱི་གདིང་གཞི་གསལ་རྟོགས་བྱེད་པ་དང་། ཕྱི་ནང་ཚང་མ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ས་གནས་ཀྱི་གཞུང་ཁོངས་རྒྱུ་ནོར་ཚུད་པའི་གཞུང་ཁོངས་རྒྱུ་ནོར་ཚང་མ་ལྟ་སྐུལ་བྱེད་པའི་ཁྱབ་ཁོངས་ནང་ཚུད་པ་བྱ་རྒྱུ་དང་། བརྟན་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པར་གཞུང་ཁོངས་རྒྱུ་ནོར་གྱི་གཞི་ཁྱོན་ཆེ་བ་དང་རིགས་མང་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོ་དམ་ཆུ་ཚད་དོ་མི་སྙོམས་པ་དང་རྩིས་གཉེར་བསྡོམས་རྩིས་རྒྱག་པ་སོགས་ཀྱི་རྨང་གཞིའི་ལས་དོན་ཉམས་ཞན་ཡིན་པའི་དོན་དངོས་ལ་གཞི་ཚུགས་ཏེ་ཞིབ་ཕྲའི་བཀོལ་སྤྱོད་ཐད་དངོས་ཐོག་བདེན་འཚོལ་དང་། རིགས་དབྱེ་ཇུས་འདོན། སྔོན་སླ་རྗེས་དཀའ། རིམ་པ་བཞིན་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལ་བརྩི་སྲུང་ཞུ་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེ་ཡའོ་པིང་གིས་བརྗོད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་2018ལོའི་ལྟ་སྐུལ་ལས་དོན་གྱི་འཆར་འགོད་ནང་ཟླ་10པར་གཞུང་ཁོངས་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་རྒྱུའི་བཀོད་སྒྲིག་བྱས་ཏེ་དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ་གཙོ་གནད་ཐོག་ཉན་པ་དང་གྲོས་ཞིབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།