འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་མཁའ་དམག་གི་བཟོ་དབྱིབས་སྣ་མང་གི་འཐབ་འཛིང་གནམ་གྲུས་ཐའེ་དབན་གླིང་
    ཕྲན་དུ་སྐོར་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཁའ་དམག་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཅིན་ཁའོ་ཡིས་ཧྭ་ནན་གྱི་གནམ་ཐང་ཞིག་ནས་གནས་ཚུལ་སྤེལ་བ་ལྟར་ན། མཁའ་དམག་གིས་ཚེས་11ཉིན་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་འཐབ་ཁུལ་མཁའ་དམག་གི་མཉམ་སྒྲུབ་བྱ་སྤྱོད་སྒྲིག་འཛུགས་བྱས་ཏེ་མདེལ་དབྱུག་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ་བཏང་ནས་ཐའེ་དབན་གླིང་ཕྲན་ལ་སྐོར་ཞིབ་འཕུར་སྐྱོད་བྱས་པ་རེད། སུའུ—35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་ཧུང་—6Kརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་དཔུང་རུ་སྒྲིག་ནས་མཉམ་དུ་པ་ཧྲི་མཚོ་འགག་བརྒྱུད་ནས་འཕུར་བར་བརྟེན། གླིང་ཕྲན་སྐོར་བའི་སྐོར་ཞིབ་བྱེད་སྟངས་ལ་ཚད་བརྒལ་གསར་པ་བྱུང་ཡོད་ལ་མཁའ་དམག་མ་ལག་གི་འཐབ་འཛིང་ནུས་པ་ཆེ་རུ་སོང་བའང་མཚོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།