འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཤིས་ཨན་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་གྱི་སྔ་དྲོར། དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་གསུམ་པ་དང་ཀྲུང་གོ་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཤིས་ཨན་དུ་འཚོགས་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་73གྱི་ཚོགས་པ་230འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད།
         སྐབས་འདིའི་དར་གོས་ལམ་བུའི་དངོས་མང་སྟོན་ཚོགས་ཀྱིས“དུས་རབས་གསར་པ·རྣམ་པ་གསར་པ·འཕེལ་རྒྱས་གསར་པ”བཅས་བརྗོད་དོན་གཙོ་བོར་བྱས་ནས་མཉམ་ལས་གྲོས་མོལ་ཁང་1དང་། ཐོན་ལས་ཁང་4 ཁྱད་ལྡན་ཐོན་རྫས་ཁང་1བཅས་བཀོད་སྒྲིག་བྱས་པ་དང་། དབྱིན་ཇི་དང་མ་ལེ་ཞི་ཡ་ཡིས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། ཀུའེ་ཀྲོའུ་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱིས་སྐུ་མགྲོན་གཙོ་བོའི་ཞིང་ཆེན(གྲོང་ཁྱེར)གྱི་འགན་ཁུར་བ་དང་ཡན་ཨན་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་གྲོང་ཁྱེར་གྱི་འགན་ཁུར་ཡོད།
         ཚོགས་འདུའི་ཐོག་སྲིད་གཞུང་གི་གླེང་མོལ་དང་། ཁེ་ལས་ཀྱི་མཉམ་ལས། དམངས་ཁྲོད་ཀྱི་སྤེལ་རེས། མཛའ་གྲོགས་གྲོང་ཁྱེར་མཉམ་འགུལ་སོགས་ཐད་ལ་དམིགས་ནས་རིགས་ཆེན་པོ་6གི་ཚོགས་འདུའི་བྱེད་སྒོ་ཁག་40ཇུས་འགོད་བྱས་པའི་ནང་དཔལ་འབྱོར་ཚོང་དོན་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། མ་འཇོག ཚན་རྩལ། དངུལ་རྩ་སོགས་ཁྱབ་ཁྱོངས་ཁག་20ལྷག་ཙམ་ཚུད་ཡོད། ཚོགས་འདུ་འཚོག་རིང་རིག་གནས་དང་། ཡུལ་སྐོར། འགྲན་བསྡུར་སོགས་ཀྱི་བྱེད་སྒོ་མཉམ་དུ་སྤེལ་ནས་དར་གོས་ལམ་བུའི་རྒྱུད་ཀྱི་རྒྱལ་ཁབ་ལ་མཉམ་ལས་ཀྱི་ལས་སྟེགས་བཏོད་པ་མ་ཟད། ཀྲུང་གོའི་ཤར་ནུབ་རྒྱུད་ཀྱི་མཉམ་འགུལ་མཉམ་ལས་རྒྱལ་སྤྱིའི་མཉམ་ལས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།