འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“དམིགས་བསལ་གྱི་དུས་ཚོད་འདིར་རྒྱ་སྐད་བརྒྱབ་ན་སྔར་ལས་འཚམ་པ་དང་དར་སོ་ཆེ་བར་མཐོང”

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱའི་སྐད་ཡིག་ཉིན་མོར་ཀྲུང་གོའི་རིག་གནས་ཉམས་སུ་མྱོང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། རྒྱ་སྐད་ཀྱི་གློག་བརྙན་ལྟ་བ་དང་། ཀྲུང་གོའི་ཡིག་རིས་ཉམས་སུ་མྱོང་བ། ཀྲུང་གོའི་སྲོལ་རྒྱུན་གྱི་རོལ་དབྱངས་ཉན་པ། ཀྲུང་གོའི་མཁས་དབང་གི་ཀྲུང་གོའི་སྙན་རྩོམ་འཆད་འགྲེལ་ཉན་པ། ཀྲུང་གོའི་སློབ་གསོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དང་འབྲེལ་བའི་མྱོང་ཚོར་མཉམ་སྤྱོད་བྱེད་པ། ཀྲུང་གོའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་སོགས་བྱས་ཡོད།
         ཟླ་4ཚེས་20ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱའི་སྐད་ཡིག་ཉིན་མོ་ཐེངས་དགུ་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཀྲུང་གོའི་ལས་མི་དང་། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་རྒྱའི་སྐད་ཡིག་ལ་དགའ་ཞེན་ཡོད་པའི་ཕྱི་འབྲེལ་དཔོན། ཨ་རིའི་གྲོགས་པོ་བཅས་དེ་ཉིན་གྱི་བྱེད་སྒོར་ཞུགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སུ་ལས་ཀ་བྱེད་མཁན་ཀྲུང་གོའི་ལས་མི་བརྒྱ་ཕྲག་གིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ཕྲུ་གུ་ཁྲིད་པ་དང་གྲོགས་པོ་གདན་ཞུ་བྱས་ཏེ་ལོ་གཅིག་དུས་གཅིག་གི་ཀྲུང་གོའི་རིག་གནས་བྱེད་སྒོར་ཞུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱའི་སྐད་ཡིག་གསོ་སྦྱོང་འཛིན་གྲྭར་རྒྱའི་སྐད་ཡིག་སྦྱོང་མཁན“ཕྱི་རྒྱལ་བ”ཁག་གཅིག་གིས་བྱེད་སྒོ་དེ་རྒྱ་སྐད་སྦྱོང་བ་དང་། ཀྲུང་གོ་བ་ དང་གྲོགས་པོ་འགྲིག་པ། ཀྲུང་གོའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བའི་གོ་སྐབས་བཟང་པོ་ཞིག་ཏུ་རྩི་ཡི་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་བྱེད་སྒོ་འགོ་འཛུགས་པའི་མཛད་སྒོའི་ཐོག་སྐད་ཡིག་ལ་རིག་གནས་འཕེལ་རྒྱས་དང་། རྒྱུན་འཛིན། སྤེལ་རེས་བཅས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དུས་ཡུན་རིང་པོ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱའི་སྐད་ཡིག་སོགས་གཞུང་ཕྱོགས་ཀྱི་སྐད་ཡིག་འདྲ་མཉམ་ངང་སྤྱོད་རྒྱུར་སྐུལ་མ་ཧུར་ཐག་གཏོང་གི་ཡོད། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་རྒྱའི་སྐད་ཡིག་གིས་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་རྒྱུར་ཐུན་མོང་ཐོག་སྐུལ་མ་བཏང་ནས་འཛམ་གླིང་ཁྱོན་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་སྒྲ་དང་། འདུ་ཤེས། ལས་ཀ་བྱེད་སྟངས་བཅས་སྔར་བས་ལེགས་པའི་ངང་བརྒྱུད་སྤྲོད་བྱས་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་རྒྱབ་སྐྱོར་སྔར་བས་མང་བ་ཐོབ་པ་བྱེད་དགོས”ཞེས་གསུངས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིང་གིས“མཉམ་འབྲེལ་རྒྱལ་ཚོགས་སུ་ལས་ཀ་བྱེད་མཁན་ཕྱི་འབྲེལ་དཔོན་ཞིག་ཡིན་པའི་ངོས་ནས་དབྱིན་སྐད་བརྒྱབ་ནས་རྒྱལ་ཁབ་མི་འདྲ་བ་ནས་ཕེབས་པའི་གྲོགས་པོ་ཚོ་དང་སྤེལ་རེས་བྱ་རྒྱུར་སྟབས་བདེ་པོ་ཡོད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱའི་སྐད་ཡིག་གི་ཉིན་མོ་དམིགས་བསལ་འདིར་རྒྱ་སྐད་བརྒྱབ་ན་སྔར་ལས་འཚམ་པ་དང་དར་སོ་ཆེ་བར་མཐོང”ཞེས་གསུངས་པ་རེད།
         “ལྷན་རྒྱས་སྐུ་ཁམས་བཟང” “ཚང་མ་རྒྱའི་སྐད་ཡིག་ཉིན་མོར་སྤྲོ་པོ་ཡོང་བར་ཤོག” “ཐུགས་རྗེ་ཆེ”ཞེས་ལིའུ་ཀྲེན་མིང་གི་གསུང་བཤད་མཇུག་འགྲིལ་རྗེས་ཨ་རི་དང་ཨ་ཧྥེ་རི་ཁ་ནས་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་གཉིས་ཀྱིས་དབྱིན་སྐད་ཀྱི་ཐོག་ནས་གཏམ་བཤད་བྱེད་རིང་རྒྱ་སྐད་ཀྱི་ཐོག་ནས་འཚམས་འདྲི་དེ་ལྟར་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལའེ་ཆ་ཁེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བརྗོད། བཅར་འདྲི་མཇུག་འགྲིལ་སྐབས་དེ་སྔ་སི་ལོ་ཝ་ཁེ་ཡའི་ཕྱི་འབྲེལ་པུའུ་ཀྲང་གནང་བའི་ལའེ་ཆ་ཁེས་གོ་སྐབས་དམ་འཛིན་བྱས་ནས་གསར་འགོད་པའི་ས་ནས“ཀྲུང་གོ་སྐུ་ཁམས་བཟང་། ”ཞེས་པའི་རྒྱ་སྐད་ཚིག་དེ་སྦྱངས་ཡོད།
         རྒྱའི་སྐད་ཡིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་ཀྱི་སྐད་ཡིག་དྲུག་གི་གྲས་ཤིག་རེད། ད་བར་ཕྱི་འབྲེལ་དཔོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱ་མང་པོས་རྒྱའི་སྐད་ཡིག་སྤྱད་ནས་ཀྲུང་གོའི་རིག་གནས་ཤེས་རྟོགས་ཡོང་བ་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱའི་སྐད་ཡིག་གི་དཔོད་ཆུང་དང་སྐད་འཕྲིན་ལས་སྟེགས་ལ་དགའ་པོ་བྱེད་མཁན་ཁྲི་ཚོ་སྟོང་ཕྲག་ཙམ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།