འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དངུལ་རྩའི་ཞབས་ཞུ་ཁོང་ཀོ(པུའུ)རུ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནུབ་རྒྱ་མཚོ་ཆེ་མོའི་ངོགས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁོང་ཀོ(པུའུ)རུ་ཀྲུང་གོ་དང་ཁོང་ཀོའི་མ་དངུལ་མཉམ་འཇོག་དངུལ་ཁང་དང་པོ་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་2015ལོའི་ཟླ་7པར་རྒྱལ་ས་པུ་ར་ཙ་ཝེར་དུ་གཉེར་སྐྱོང་ཚོད་ལྟ་བྱས་ཚུན་ཀྲུང་གོའི་དངུལ་རྩའི་ཞབས་ཞུ་ཐིག་དམར་ཐོག་གི་རྒྱལ་ཁབ་དེར་ཁྱབ་འགོ་ཚུགས་ཡོད།
         “ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་ནི་ཁོང་ཀོ(པུའུ)ཡི་མང་ཚོགས་དཀྱུས་མར་དངུལ་རྩའི་ཞབས་ཞུ་ཁྱབ་གདལ་གཏོང་བའི་མ་དངུལ་མཉམ་འཇོག་དངུལ་ཁང་དང་པོ་དེ་རེད”ཅེས་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་གཉེར་སྐྱོང་པུའི་གཙོ་གཉེར་བ་གཞོན་པ་མཱ་ཡན་ཅེས“ལྔ་གཅིག”དུས་ཆེན་སྔ་སྣུར་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།
         ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ཨ་ཧྥེ་རི་ཁར་བཙུགས་པའི་མ་དངུལ་མཉམ་འཇོག་དངུལ་ཁང་དང་པོ་དེ་ཡིན་པ་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་མ་རྐང་50%བཟུང་ཡོད། འདི་ལོའི་ཟླ་4པར་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་གིས་གཞུང་ལས་ཐོག་བརྩེགས་ཁང་ཆེན་གསར་སྐྲུན་བྱས་ཟིན་པའི་མཛད་སྒོ་གཉེར་བ་དང་ཁོང་ཀོ(པུའུ)ཡི་ཙུང་ཐུང་ས་སུའུ་ཡིས་ཐོག་བརྩེགས་ཁང་ཆེན་ཀྱི་དར་ཚོན་འབྲེག་པ་རེད།
         2017ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་དུ་དངུལ་བཅོལ་ཁྲོམ་རའི་ཐོབ་སྐལ་8%ལས་བརྒལ་བ་དེ་ཁྲོམ་རའི་ཆ་སྙོམས་ཐོབ་སྐལ་དང་ཉེ་པོ་ཡོད་པ་དང་འབྲེལ་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་གྱི་དངུལ་ཁང་ཆེ་གྲས་གཉིས་པར་གྱུར་ཡོད་པས་ལས་རིགས་ནང་ཁུལ་དུ་ཚུར་ནང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།
         ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་མ་བཙུགས་གོང་ཁོང་ཀོ(པུའུ)ཡི་དངུལ་ཁང་ལས་རིགས་སྤྱིར་ནུབ་ཕྱོགས་དངུལ་ཁང་གིས་སྒེར་བསྡོམས་བྱས་པ་དང་དངུལ་ཁང་ཞབས་ཞུའི་སིམ་ཤུགས་ཆེན་པོ་མེད་པར་དངུལ་ཁང་གི་རྩིས་ཐོ་ཡོད་མཁན་མི་འབོར་10%ཙམ་ལས་ཟིན་གྱི་མེད།
         “ཁོང་ཀོ(པུའུ)རུ་ཀྲུང་གོ་བ་ཡོང་ནས་དངུལ་ཁང་གཉེར་བར་དངུལ་རྩའི་ཡོངས་ཕན་འདུ་ཤེས་ལ་བརྩི་སྲུང་བྱས་ཏེ་དངུལ་རྩའི་ཞབས་ཞུའི་སྒོ་ཐེམ་དམའ་རུ་བཏང་བ་མ་ཟད་འགྲོ་གྲོན་ཐད་དམངས་ལ་དེ་བས་ཉེ་བཅར་་བྱས་པས་མི་སེར་དཀྱུས་མ་དེ་བས་མང་བར་རང་ཉིད་ལ་དབང་བའི་དངུལ་ཁང་གཱ་ཡོད”ཅེས་མཱ་ཡན་ཅེས་བརྗོད།
         དངུལ་ཁང་གི་དངུལ་བཅོལ་བ་ནས་དངུལ་ཁང་གི་ལས་མིར་གྱུར་པའི་སའེ་སའར·ཨ་ཅིན་ཏུའུ་ཡིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་རང་འགུལ་དངུལ་ལེན་འཕྲུལ་ཆས་ལས་གནས་དེ་གའི་དངུལ་ལེན་འཕྲུལ་ཆས་ལ་མེད་པའི་དངུལ་བཅོལ་གྱི་ནུས་པ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག ཀྲུང་གོས་ཁོང་ཀོ(པུའུ)རུ་མ་དངུལ་འབོར་ཆེན་བཏང་ཡོད་པས་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་ཁོང་ཨ་ཧྥེ་རི་ཁ་དངུལ་ཁང་ལ་ཡིད་ཆེས་ཡོད། དངུལ་ཁང་དེའི་ཤུགས་རྐྱེན་འོག་ཁོང་ཀོ(པུའུ)ཡི་དངུལ་ཁང་གི་སིམ་ཤུགས་བརྟན་པོའི་ངང་ཆེ་རུ་འགྲོ་ངེས་རེད་ཅེས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།