འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

    —— དཔའ་ཤོད་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་13ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ལམ་318ལམ་ཐིག་ཏུ་གནས་པའི་ས་ཚིགས་གལ་ཆེན“དཔའ་ཤོད”ནི་བོད་རིགས་ཀྱིས་གཙོ་བོ་བྱེད་པ་དང་མོན་པ་རིགས་དང་། འཇང་རིགས། པའེ་རིགས་སོགས་ལས་གྲུབ་པའི་གྲངས་ཉུང་མི་རིགས་ཀྱི་རྫོང་ཞིག་རེད།
         ཉེ་བའི་ལོ་ཤས་རིང་། དཔའ་ཤོད་རྫོང་གི་མི་རིགས་ཁག་གི་མང་ཚོགས་དབར་རྒྱུན་ཆད་མེད་པར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་དང་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ལ་མི་རིགས་ཁག་གི་མང་ཚོགས་དབར་གཉེན་སྒྲིག་བྱེད་མཁན་ཡང་མང་པོ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2013ལོར་བོད་རྒྱ་གཉེན་སྒྲིག་བྱེད་མཁན་7དང་བོད་རིགས་དང་མོན་པ་རིགས་གཉེན་སྒྲིག་བྱེད་མཁན་1དང་། 2014ལོར་བོད་རྒྱ་གཉེན་སྒྲིག་བྱེད་མཁན་11 2015ལོར་བོད་རྒྱ་གཉེན་སྒྲིག་བྱེད་མཁན་22016ལོར་བོད་རྒྱ་གཉེན་སྒྲིག་བྱེད་མཁན་3བཅས་བྱུང་ཡོད།
         དྲིལ་བསྒྲགས་སློབ་གསོས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་།
        མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གནས་ས་དང་། སྟོབས་ཤུགས་གནས་ས། རེ་བ་གནས་ས་བཅས་རེད།
         གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། རྫོང་དེས“མི་རིགས་མཐུན་སྒྲིལ་ཟླ་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་འཕྲལ་མར་བཙུགས་ནས《དཔའ་ཤོད་རྫོང་གི“མི་རིགས་མཐུན་སྒྲིལ་ཟླ་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ལག་བསྟར་བྱ་ཐབས》བཟོས་པ་དང་འབྲེལ་ལག་བསྟར་ཇུས་གཞིར་ནན་པོ་གཞིགས་ཏེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
         ལྷག་དོན་དུ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། རྫོང་དེས་《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་》དང་མི་རིགས་སྲིད་ཇུས་ཁག་གི་དྲིལ་བསྒྲགས་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་བ་དང་འབྲེལ། ལོ་རེའི་དུས་ཆེན་གལ་ཆེན་སྤྱད་དེ་རྫོང་གྲོང་དུ་དྲིལ་བསྒྲགས་བྱ་ཡུལ་བཙུགས་ནས་མང་ཚོགས་ལ་《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་》དང་མི་རིགས་སྲིད་ཇུས་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ནས་ཆ་སྙོམས་ལོ་རེར་དྲིལ་བསྒྲགས་སློབ་གསོའི་དྲིལ་བསྒྲགས་ཤོག་བྱང་3500ལྷག་ཙམ་སྤྲད་པ་རེད།
         གསར་གཏོད་གཏིང་ཟབ་བྱས་པས་དཔེ་མཚོན་མང་དག་ཐོན།
         མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་འདེམས་ཀྱི་བྱེད་སྒོའི་ཁྲོད་དཔའ་ཤོད་རྫོང་གིས་གོང་ནས་འོག་བར་དང་། རིམ་པ་བཞིན་འདེམས་པ། ཁོངས་གཏོགས་དང་ས་ཁུལ་གཞིར་བཟུང་ཧྲག་འདེམས། རགས་འདེམས་ནས་བསྐྱར་འདེམས་བཅས་ཀྱི་རྣམ་པར་བརྟེན་ནས་དྲང་གཞག་དང་། ཡོངས་བསྒྲགས། དྲང་བདེན་བཅས་ཀྱི་རྣམ་པར་བརྟེན་ནས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་གཏོད་འདེམས་གཟེངས་བསྟོད་ལས་དོན་སྤེལ་བ་རེད།
         2013ལོ་ནས་ད་བར་རིམ་རྩིས་བྱས་ན། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་2དང་དཔེ་བཟང་མཉམ་སྡེབ་1དང་། གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་4དང་དཔེ་བཟང་མཉམ་སྡེབ་4 རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་60དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་40བཅས་གཏོད་འདེམས་བྱས་པ་དང་གཟེངས་བསྟོད་མ་དངུལ་སྒོར་492000སྤྲད་པ་རེད།
         མི་རིགས་ཀྱི་རྣམ་གྲངས་དོན་འཁྱོལ་གནད་སྨིན་བྱས་པ།
         ཉེ་བའི་ལོ་ཤས་རིང་། དཔའ་ཤོད་རྫོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གང་ལེགས་བྱས་ནས་ཏང་གི་ཞིང་ཕན་དམངས་ཕན་སྲིད་ཇུས་ཁག་ལ་དམིགས་ཏེ་མི་རིགས་འཕེལ་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་གྲངས་ཉུང་མི་རིགས་ལས་ཞུགས་ལས་གཏོད་ལ་རྒྱུན་ཆད་མེད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་པ་རེད།
         དེ་སྔའི“སྤང་མདའི་བོད་ཆས་ལས་སྣོན་བཟོ་གྲྭའི་རྣམ་གྲངས”དང“ར་འོག་གྲོང་རྡལ་ཝ་པ་གྲོང་ཚོའི་སྲོལ་རྒྱུན་སྡོད་ཁང་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས”སྟེང“དཔའ་ཤོད་རྫོང་འཁོར་ཆེན་ཤང་གཡང་རྭ་གྲོང་ཚོའི་འབྲོག་ལས་ཀྱི་ཞོར་ལས་ཐོན་རྫས་ལས་སྣོན་འདུ་འགོད”དང“དཔའ་ཤོད་རྫོང་གླ་སྐེ་ཤང་ཝ་དག་གྲོང་ཚོའི་སྟར་ཁ་འདེབས་འཛུགས་ལས་སྣོན་འདུ་འགོད”“དཔའ་ཤོད་རྫོང་པད་མ་གྲོང་རྡལ་གཤས་པ་གྲོང་ཚོའི་བོད་ཕག་གསོ་ཚགས་རྣམ་གྲངས”བཅས་སྙན་ཞུ་ཧུར་ཐག་ཕུལ་བས་རྫོང་དེའི“གྲངས་ཉུང་མི་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐེབས་རྩའི”རྣམ་གྲངས་ལ་ཆུ་ཡུར་འཛུགས་སྐྲུན་དང་རྒྱུད་བཟང་འབྲི་གཡག་གསོ་ཚགས་སོགས་ཚུད་ཡོད།
         དཔའ་ཤོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཧའེ་ཡིས་རྫོང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་འཕེལ་རྒྱས་ཆ་རྐྱེན་ཆེས་ལེགས་སུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཞིང་ཆུ་གཏོང་བ་དང་ཕྱིར་སྐྱོད་འགྲིམ་འགྲུལ་ཐད་སྟབས་བདེ་བསྐྲུན་ཡོད་པ་དང་གྲོང་མིའི་ཁྱད་ལྡན་སྡོད་གནས་ཉམས་བཟོ་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐད་སྲུང་སྐྱོང་གི་ནུས་པ་ངེས་ཅན་ཞིག་ཐོན་ཡོད། འབྲོག་ལས་ཀྱི་ཞོར་ལས་ཐོན་རྫས་ལས་སྣོན་གྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་འབྲོག་ལས་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཡག་པོ་བྱུང་བས་མང་ཚོགས་ཀྱི་ཡོང་འབབ་འཕར་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།