འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་སྒྲོམ་ཟམ་ཐོག་མ་མཐུད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གྱི་སྔ་དྲོ། དུས་ཡུན་སྐར་མ་110ཡི་འཁོར་གཟུགས་ལས་གྲྭ་ཚུགས་པ་བརྒྱུད། རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་སྒྲོམ་ཟམ་ཐོག་མ་གོར་མོ་ནས་ཁུའར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་གྱི་ཀེ་ཏུང་ཟམ་ཆེན་གྱི་སྒྲོམ་ཟམ་བདེ་བླག་ངང་མཐུད་ཐུབ་ཅིང་། དེ་ཐོག་ནས་སྒྲོམ་ཟམ་ལས་གྲྭ་མཚོ་བོད་ས་མཐོར་ཐོག་མར་ལེགས་གྲུབ་བྱུང་བ་མཚོན་ཡོད། དེས་2018ལོའི་ལོ་མཇུག་ཏུ་གོར་མོ་ནས་ཁུའར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་དུམ་བུ་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བཏིང་ཡོད།
         གོར་མོ་ནས་ཁུའར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་ཤར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ནས་ནུབ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁུའར་ལེ་གྲོང་ཁྱེར་བར་ཡིན་པ་དང་ལམ་ཐག་རིང་ཚད་སྤྱི་ལེ་1213.7ཟིན་པའི་ཁྲོད་མཚོ་སྔོན་ཁོངས་སུ་སྤྱི་ལེ་505.6དང་ཤིན་ཅང་ཁོངས་སུ་སྤྱི་ལེ་708.1ཟིན་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་376.41བཏང་ནས་2014ལོའི་ལོ་མཇུག་གོང་ལས་འགོ་བཙུགས་ཏེ་བསྐྲུན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོར་མོ་ནས་ཁུའར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཁྱོན་བབ་ཚུགས་86དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་120འཆར་འགོད་བྱས་པ་དང་སྔོན་དཔག་བྱས་ན་2019ལོར་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་རྒྱུ་དང་། དེའི་ཁྲོད་མཚོ་སྔོན་དུམ་བུ་2018ལོའི་ལོ་མཇུག་གོང་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་རྒྱུ་རེད། ལྕགས་ལམ་བསྐྲུན་རྗེས་གོར་མོ་ནས་ཁུའར་ལེ་གྲོང་ཁྱེར་བར་གྱི་དུས་ཚོད་དེ་སྔའི་ཆུ་ཚོད་26ནས་ཆུ་ཚོད་12བར་ཐུང་དུ་འགྲོ་རྒྱུ་རེད། ལྕགས་ལམ་གྱིས་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་དྲ་བའི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་མཚོ་སྔོན་ཞིང་ཆེན་དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།