འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཀྱི་སྐོར་སྐྱོད་འགྲེམས་སྟོན་ནན་ཅིང་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དེ་ཉིན“རིག་གནས་གསར་གཏོད་ཀྱི་བོད་ལྗོངས —— བོད་ལྗོངས་དང་ལྷ་སའི་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན”གྱི་བྱེད་སྒོ་ནན་ཅིང་ཤར་སྒོ་རྙིང་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་སྤེལ་བ་རེད། ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་དུ་བོད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་མཉམ་འདུས་དང་། རོལ་དབྱངས་གླུ་གར། འགུལ་རིས་གློག་བརྙན། བོད་རུམ་འཁལ་འཐག རྣམ་གྲངས་འོས་སྦྱོར། ཐང་ག་དང་སྐུ་འདྲ་སོགས་ཀྱི་འགྲེམས་ཁང་བཀོད་སྒྲིག་བྱས་ཡོད་པ་དང་འབྲེལ་བོད་ཀྱི་མི་རིགས་གླུ་གར་འཁྲབ་སྟོན་དང་། གོས་རྒྱན་འགྲེམས་སྟོན། ཐོན་རྫས་ཉོ་ཚོང་། རིག་གནས་སྒྱུ་རྩལ་གྱི་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ནས། བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཐོན་ལས་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ། བོད་ཀྱི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་དང་རྣམ་གྲངས་འོས་སྦྱོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།