འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་སྒྱུ་རྩལ་བ་མོ་ཞི་ཁོ་རུ་རིག་གནས་སྤེལ་རེས་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། རིག་གནས་པུའུ་ཡི་2018ལོའི་ལོ་འཁོར་གྱི་མོ་ཞི་ཁོ་ཀྲུང་གོའི་རིག་གནས་ལྟེ་བའི་སྡེ་ཁག་གི་ཁ་གཏད་མཉམ་ལས་འཆར་གཞི་སྐོར་དོན་འཁྱོལ་བྱ་ཆེད་དང་། མོ་ཞི་ཁོ་གྲོང་ཁྱེར"མཛའ་མཐུན་ཚོགས་པ"ཡིས་གདན་འདྲེན་ཞུས་པ། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་། སྲིད་གཞུང་གི་ཆོག་མཆན་གནང་བར་བརྒྱུད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་"ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས།"མོ་ཞི་ཁོ་རིག་གནས་སྤེལ་རེས་ཚོགས་པ་དང་རིག་རྩལ་འཁྲབ་སྟོན། དེ་བཞིན་དུ་མངོན་མིན་རིག་གནས་གཟབ་ཆས་འགྲེམས་སྟོན་ཚོགས་པ་མོ་ཞི་ཁོ་རུ་རིག་གནས་སྤེལ་རེས་བྱེད་སྒོར་མངགས་ཡོད་པ་རེད།
         བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་བ་ཚོས་མོ་ཞི་ཁོ་རྒྱལ་ཁབ་ཀྱི་གྲོགས་པོ་དང་ཕྱི་སྡོད་ཀྲུང་གོ་བ་ལ་གླུ་གར་དང་། རྐྱང་གཞས། ཞབས་བྲོ་སོགས་ལེ་ཚན་མང་པོ་ལེགས་སྐྱེལ་འབུལ་ཡོད་པ་རེད། འཁྲབ་སྟོན་པ་ཚོས་གླུ་ལེན་གར་འཁྲབ་ཏེ་མཚོ་བོད་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ངག་རྒྱུན། ཡིད་དབང་འགུགས་པའི་གཏམ་རྒྱུད། འཆམ་མཐུན་གྱི་འཚོ་བ་ཞིབ་བརྗོད་བྱས་ཡོད་པ་རེད། འཁྲབ་སྟོན་པ་ཚོའི་སྒེག་ཉམས་ཀྱི་འཁྲབ་རྩལ་ཏེ་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་གྱི་འཁྲབ་སྟོན་ལ་གཟིགས་མོ་བ་ཚོས་དགའ་བསུ་དང་འདེགས་འཇོག་ཡག་པོ་ཐོབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།