འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རྒྱལ་ཡོངས་ཀྱི་འཁྱགས་འདྲེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གཉེར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། 2018ལོའི་རྒྱལ་ཡོངས་ཀྱི་འཁྱགས་འདྲེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་པེ་ཅིང་དུ་གཉེར་འགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རུ་ཁག་28གྱི་བདམས་ཐོན་པ་840ལྷག་ཙམ་འགྲན་བསྡུར་ནང་ཞུགས་པས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་བཏོད་ཡོད་པ་རེད། ཀྲུང་གོ་འཁྱགས་འདྲེད་སྤོ་ལོའི་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཞུས་ཁྲེང་ཤང་གིས་ཚེས་4ཉིན་གྱི་འགྲན་བསྡུར་གྱི་བརྡ་གཏོང་ཚོགས་འདུའི་ཐོག་མཐུན་ཚོགས་ཀྱིས་འདི་ལོའི་འགྲན་བསྡུར་བརྒྱུད་རྒྱལ་ནང་གི་འཁྱགས་འདྲེད་སྤོ་ལོའི་གདིང་གཞི་གསལ་རྟོགས་བྱེད་པ་དང་། དུས་མཚུངས་ས་གནས་ཁག་གི་སྲིད་གཞུང་གིས་འཁྱགས་འདྲེད་སྤོ་ལོའི་འགྲན་བསྡུར་ལ་མཐོང་ཆེན་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་འཁྱགས་འདྲེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
         སྔ་ལོ་དང་མི་འདྲ་བར་ད་ཐེངས་ཀྱི་འགྲན་བསྡུར་ནང་སྐྱེས་པའི་Bཚོགས་ཆུང་གི་འགྲན་ཞུགས་རྣམ་གྲངས་ཐོག་མར་བཙུགས་ཏེ་གཙོ་བོ་ལས་ཞོར་དུ་འཁྱགས་འདྲེད་སྤོ་ལོར་དགའ་པོ་བྱེད་མཁན་ལ་ཁ་ཕྱོགས་ནས་ཁྱོན་རུ་ཁག་13Bཚོགས་ཆུང་གི་འགྲན་བསྡུར་ལ་ཞུགས་རྒྱུ་དང་དུས་མཚུངས། Bཚོགས་ཆུང་གི་འགྲན་ཞུགས་རུ་ཁག་ནང་ད་དུང་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་བདམས་ཐོན་པ་ཐོག་མར་ཞུགས་ཆོག་མོད། འོན་ཀྱང་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་བདམས་ཐོན་པ་ངེས་པར་དུ་སྤོ་ལོའི་རུ་ཁག་གནས་སའི་ས་ཆར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་མཁན་ཞིག་ཡིན་དགོས་པ་མ་ཟད། ད་དུང་རུ་ཁག་གཅིག་ནང་མང་ཤོས་ལ་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་བདམས་ཐོན་པ་3ལས་ཞུགས་མི་ཆོག་པ་དང་། ཐེངས་གཅིག་ལ་མང་ཤོས་སུ་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་བདམས་ཐོན་པ་གཅིག་འགྲན་བསྡུར་ནང་ཞུགས་ཆོག་གི་ཡོད།
         རྒྱལ་ཡོངས་ཀྱི་ལེགས་སྐྱེས་འགྲན་བསྡུར་གྱི་རྣམ་པར་འགྱུར་ལྡོག་བཏང་བ་ནི་ཀྲུང་གོའི་འཁྱགས་འདྲེད་སྤོ་ལོ་མཐུན་ཚོགས་ཀྱིས་འཁྱགས་འདྲེད་སྤོ་ལོའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་དང་པོ་སྤོས་པ་ཞིག་རེད། ཤེས་རྟོགས་བྱས་པར་གཞིགས་ན། མཐུན་ཚོགས་ཀྱིས་ད་དུང་རྒྱལ་ནང་གི་འཁྱགས་འདྲེད་སྤོ་ལོའི་ལས་རིགས་ཀྱི་མཉམ་འབྲེལ་འགྲན་བསྡུར་བསྐྱར་དུ་སྤེལ་འགོ་འཛུགས་རྒྱུ་དང་འབྲེལ། སྔར་བས་ཚད་ལྡན་དུ་བཏང་སྟེ་གོ་རིམ་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་འཁྱགས་འདྲེད་རྣམ་གྲངས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་འཁྱགས་འདྲེད་སྤོ་ལོའི་རྩལ་འགྲན་གྱི་ཆུ་ཚད་མཐོ་རུ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་ཆེད་ཆ་རྐྱེན་བསྐྲུན་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།