འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱི་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་བྱ་ཐབས་སྣ་མང་སྤྱད་དེ་ཕ་ཡུལ་དུ་ལོག་ནས་
    ལས་གཏོད་བྱེད་མཁན་ཞིང་པར་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཀོང་ཤིས་ཀྱི་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རོགས་སྐྱོར་སྲིད་ཇུས་བཟོས་ཡོད་པ་དང་དངུལ་རྩའི་ཞབས་ཞུ་དང་ཐོན་རྫས་གསར་གཏོད་བྱས་པ་བརྒྱུད། ཞིང་པ་ལས་མིར་དོ་ཁུར་བྱེད་པའི་ནུས་ཆེ་དང་སྤུས་ལེགས་ཀྱི་དངུལ་རྩའི་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཞིང་པ་ལས་མིར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བ་དང་2018ལོའི་ཟླ་1ནས་ཟླ་3པའི་བར་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་དུད་ཚང་1318ལ་དངུལ་བུན་བཏང་བ་དང་ཟླ་3པའི་ཟླ་མཇུག་བར་ལས་གཏོད་དངུལ་བུན་ལྷག་དངུལ་སྒོར་དུང་ཕྱུར་30.98ཟིན་ཡོད་པ་རེད།
         ཀོང་ཤིས་ཀྱི་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་《ཞིང་པ་ལས་མིའི་ལས་གཏོད་དངུལ་རྩའི་ཞབས་ཞུའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཏོན་ནས་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་པ་དང་ས་གནས་དེའི་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མིའི་ལས་གཏོད་ཆ་རྐྱེན་དང་། ལས་གཏོད་རྣམ་གྲངས། མ་དངུལ་གྱི་དགོས་མཁོ་སོགས་ཀྱི་གནས་ཚུལ་རང་འགུལ་ངང་ཤེས་རྟོགས་ཐུབ་པ་བྱས་ཏེ་དུས་ཐོག་ཏུ་ཞིབ་ཕྲའི་རྒྱབ་སྐྱོར་ཇུས་གཞི་བཟོས་པ་མ་ཟད། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མིར“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ཏེ་ཕྱིར་གླ་པ་རྒྱུག་པར་ཕྱིན་ནས་ཡིད་རྟོན་རིམ་པའི་དཔྱད་འདེམས་ནང་ཞུགས་མི་ཐུབ་མཁན་ལ་སྔོན་དུ་དཔྱད་འདེམས་བྱས་ཡོད། དངུལ་བུན་གཡར་བའི་ཆ་རྐྱེན་འཛོམས་པའི་ཞིང་པ་ལས་མིར་དངུལ་བུན་གཡར་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་བ་དང་སྔོན་དུ་དངུལ་བུན་བཏང་བ་དང་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་ཞིང་པ་ལས་མི་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མིར་འབྲེལ་ཡོད་ལས་གཏོད་མཛུབ་ཁྲིད་དང་ཁྲོམ་རའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁོང་ཚོ་ལམ་ནོར་མི་ཤོར་བ་བྱས་ཡོད་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།